​སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་དབུལ་པོ་གྲོང་ཚོ38ཀྱི་གློག་རྡུལ་ཚོང་དོན་ཞབས་ཞུའི་ས་ཚིཊ་འཛུགས་སྐྲུན་ལེགས་གྲུབ་བྱུང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-03-01   རྩོམ་ཁུངས།   


    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་རྒྱལ་ཁབ་རིམ་པའི་གློག་རྡུལ་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་ཕྱོགས་བསྡུས་དཔེ་སྟོན་རྫོང་འཛུགས་སྐྲུན་བྱེད་པའི་རྣམ་གྲངས་ལག་བསྟར་བྱས་པའི་ཚུན་ནས། སྐྱེ་ཁམས་དཔལ་འབྱོར་ལ་བརྟེན་ནས་རྫོང་སྟོབས་ལྡན་གཏོང་བའི་འཕེལ་རྒྱས་ཀྱི་ཐབས་ཇུས་དམིགས་སུ་བཟུང་སྟེ།   གློག་རྡུལ་ཚོང་དོན་དབུལ་སྐྱོར་བྱེད་རྒྱུ་འདི་ཉིད་གནད་སྨིན་དབུལ་སྒྲོལ་གྱི་བྱ་ཐབས་སུ་བརྩིས་ནས།  ཐོན་ཁུངས་ལེགས་སྒྲིག་དང་མཐུན་སྦྱོར་སྐུལ་འདེད་བྱས་པ་རེད། མིག་སྔའི་བར་དུ། གྲོང་ཁྱེར་ཡོངས་ཀྱིས་དབུལ་པོ་གྲོང་ཚོ38ཀྱི་གློག་རྡུལ་ཚོང་དོན་ཞབས་ཞུའི་ས་ཚིགས་འཛུགས་སྐྲུན་ལེགས་གྲུབ་བྱུང་ཡོད་པ་རེད།

    རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔའི་བར་དུ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་གློག་རྡུལ་ཚོང་དོན་སྤྱི་བའི་ཞབས་ཞུ་ལྟེ་བ་འཛུགས་སྐྲུན་བྱས་པ་མ་ཟད་ལས་གཉེར་བྱས་པ་རེད། གྲོང་ཁྱེར་ཡོངས་སུ་ཤང་དང་གྲོང་རྡལ་གྱི་གློག་རྡུལ་ཚོང་དོན་ཞབས་ཞུའི་ས་ཚིགས་10དང་། གྲོང་སྡེ་རིམ་པའི་གློག་རྡུལ་ཚོང་དོན་ཞབས་ཞུའི་ས་ཚིགས་46 གྲོང་ཁྱེར་ཡོངས་ཀྱི་དབུལ་པོ་གྲོང་ཚོ38ཡོངས་ལ་གློག་རྡུལ་ཚོང་དོན་ཞབས་ཞུའི་ས་ཚིགས་འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་རེད། ཧུར་བརྩོན་གྱིས་གློག་རྡུལ་ཚོང་དོན་གྱི་དབུལ་སྐྱོར་སྐུལ་འདེད་གཏོང་ཆེད། གློག་རྡུལ་ཚོང་དོན་གྱི་གཞི་རྩའི་རྩལ་ནུས་གསོ་སྦྱོང་སོགས་བསྡུས་ནས་མི་ཐེངས་1795གསོ་སྦྱོང་བྱས་པ་དང་།       འདིའི་ཁྲོད་དུ་ཡིག་ཚགས་དང་གཱ་བཟོས་པའི་ཐེམ་དུད་མི་ཐེངས་630ཡིན་པ་རེད།          དེ་ལས་གཞན་ཟོག་འགྲེམས་མ་ལག་སྔར་བས་མགྱོགས་སུ་གཏོང་ཆེད།          སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་ཤང་། གྲོང་སྡེ་རུ་རིམ་པ་གསུམ་གྱི་གློག་རྡུལ་ཚོང་དོན་ཟོག་འགྲེམས་མ་ལག་བཙུགས་པ་དང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཞིང་ལས་ཐོན་རྫས་དྲ་ཐོག་ཏུ་ཕྱིར་ཚོང་ལ་སྐུལ་འདེད་དང་སྤུས་རྟགས་སྐྱེད་སྲིང་དང་ཁུངས་འདེད་མ་ལག་འཛུགས་རྒྱུའི་གྲ་སྒྲིག་ཧུར་ཐག་བྱེད་བཞིན་ཡོད་པ་དང་། ཞིང་ལས་ཐོན་རྫས་དྲ་ཐོག་ཏུ་ཕྱིར་ཚོང་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་བཏོན་པ། ཐོན་རྫས་གསུམ་དང་མཚོན་རྟགས་གཅིག དེ་མིན་ཞིབ་བཤེར་ཚད་ལེན་གྱི་ཞབས་ཞུའི་ལས་དོན་འཆར་འགོད་བྱེད་བཞིན་པའི་སྒང་ཡིན།