རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-03-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན། ཡུན་ནན་ཞིང་ཆེན་2018ལོ་འཁོར་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་འགན་འཁུར་ལམ་ལུགས་ཀྱི་ཞིབ་བཤེར་དང་དཔྱད་ཞིབ་ཀྱི་བདེ་ཆེན་སྙན་ཞུ་ཚོགས་འདུ་ཁུལ་ཨུའི་སྙན་ཞུ་ཁང་དུ་འཚོགསཔ་དང་། ཞིང་ཨུའི་རྒྱུན་ཨུ། ཞིང་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཀྲའོ་ཅིན་གྱིས་ཞིང་ཨུའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་འགན་འཁུར་ལམ་ལུགས་ཀྱི་ཞིབ་བཤེར་དང་དཔྱད་ཞིབ་ཚོ་ཆུང་གསུམ་པའི་ཚབ་བྱས་ཏེ་དཔྱད་ཞིབ་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཀུའུ་ཁུན་གྱིས་རང་ཁུལ་གྱི་ཏང་ཨུ་དང་སྲིད་གཞུང་འགོ་ཁྲིད་ཚན་ཁག་གི་ཚབ་བྱས་ཏེ་2018ལོ་འཁོར་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་འགན་འཁུར་ལམ་ལུགས་ཀྱི་ལས་ཀའི་དོན་འཁྱོལ་གནས་ཚུལ་སྐོར་སྙན་སེང་ཞུས་པ་རེད།
གྲོས་ཚོགས་ཐོག ཀུའུ་ཁུན་གྱིས་ཚོགས་ཆེན་ལ་འགན་བརྗོད་སྤྱོད་བརྗོད་བྱས་པ་དང་། བདེ་ཆེན་ཁུལ་ཨུ། ཁུལ་སྲིད་གཞུང་གི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་གཞན་གྱིས་ཡིག་ཐོག་འགན་བརྗོད་སྤྱོད་བརྗོད་བྱས་པ་རེད། (ཚེ་རིང་སྒྲོལ་མས་བསྒྱུར།)