རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-03-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ད་ལོར། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་མུ་མཐུད་དུ་མི་རིགས་སོ་སོའི་བློ་རིག་དང་སྟོབས་ཤུགས་གཅིག་བསྡུས་བྱས་ཏེ། བྱེད་ཐབས་གསུམ་སྤྱད་ནས་མི་རིགས་མཐུན་སྒྲིལ་གྱི་ལས་ཀར་སྐུལ་སྤེལ་བཏང་ཡོད་པ་རེད།
ཆོས་ལུགས་ཞི་མཐུན་ལ་སྐུལ་སྤེལ་བཏང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་ཀའི་གལ་ཆེའི་དཔྱད་བརྗོད་ལ་སློབ་སྦྱོང་གཏིང་ཟབ་བྱས་ནས། མི་རིགས་རང་སྐྱོང་ས་ཁུལ་དང་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་ཀྱིས་ཕྱོགས་ཡོངས་ནས་ཆོས་ལུགས་ལས་དོན་གྱི་དོན་ཚན་དང་བདེ་ཆེན་ཁུལ་མི་རིགས་མཐུན་སྒྲིལ་འཕེལ་རྒྱས་དོན་ཚན། མི་རིགས་མཐུན་སྒྲིལ་འཕེལ་རྒྱས་ཀྱི་ལས་དོན་བསམ་འཆར་དང་ནང་བསྟན་ཆོས་ལུགས་དགོན་སྡེའི་དོ་དམ་དོན་ཚན་བཅས་ལག་བསྟར་དོན་འཁྱོལ་བྱེད་དེ། ཁྲིམས་ལྟར་ཆོས་ལུགས་ལས་དོན་དང་དོ་དམ་ལ་ཤུགས་སྣོན་རྒྱག་པ་རེད། ཏང་གིས་ཆོས་ལུགས་ལས་ཀར་འགོ་ཁྲིད་པར་ཤུགས་སྣོན་བརྒྱབ་ནས། ཆོས་ལུགས་ལས་ཀར་དམ་འཛིན་གང་ལེགས་བྱས་ཏེ། ཧུར་ཐག་གིས་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་འཆམ་མཐུན་ཡོང་བའི་སྣེ་ཁྲིད་ཡོད།
མི་རིགས་མཉམ་འདྲེས་མཉམ་གནས་ལ་སྐུལ་སྤེལ་བཏང་བ། ཕྱོགས་ཡོངས་ནས་མི་རིགས་འཆམ་མཐུན་གྱི་དཔེ་སྟོན་ཤང་གྲོང་དང་།གྲོང་ཚོ་འཛུགས་སྐྲུན་གྱི་ཕན་འབྲས་གོང་འཕེལ་བཏང་ནས། སློབ་གསོས་རིགས་སོ་སོའི་མི་རིགས་ལ་འབྲལ་ཐབས་མེད་པ་གསུམ་གྱི་བསམ་བློ་བརྟན་པོ་ཆགས་པར་བྱས་ཡོད་ཅིང་ངོས་འཛིན་ལྔ་ཇེ་དྲག་ཏུ་བཏང་ཡོད། སོ་སོར་དད་མོས་ཡོད་པ་དང་། ཕན་ཚུན་ལ་བརྩི་བཀུར་བྱེད་པ། འཆམ་མཐུན་མཉམ་གནས་བྱེད་པ། མི་རིགས་ཀྱི་བར་ཁྱད་ལ་བརྩི་བཀུར་དང་། རིག་གནས་སྣ་མང་རང་བཞིན་བཟོད་སྒོམ་བྱེད་པ། མི་རིགས་སོ་སོའི་བར་གྱི་མཛའ་བརྩེ་ལ་སྐུལ་སྤེལ་གཏོང་བ། ཕན་ཚུན་ལ་རོགས་སྐྱོར་དང་། ཕན་ཚུན་མཐུན་སྒྲིལ་བྱེད་པ། མཉམ་དུ་འཕེལ་རྒྱས་ཡོང་བར་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་འཛུགས་སྐྲུན་ལ་སྐུལ་སྤེལ་བཏང་ཡོད་པ་རེད། གཏིང་ཟབ་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་། བདེ་ཆེན་གྱི་སྙིང་སྟོབས་དྲིལ་སྒྲོག ཟླ་ལྔ་པའི་རྟ་རྒྱུག་དུས་ཆེན། མི་རིགས་མཐུན་སྒྲིལ་རིག་གནས་སྒྱུ་རྩལ་གཟའ་འཁོར་སོགས་ཀྱི་བྱེད་སྒོ་སྤེལ་ཡོད། ལོ་རེར་ཆེས་ཉུང་ན་ཡང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་བྱས་རྗེས་དྲིལ་བསྒྲགས་བྱེད་སྒོ་གཅིག་རེ་དང་རིག་རྩལ་འཁྲབ་སྟོན་གཅིག་རེ་སྤེལ་ཡོད། ཤང་དང་གྲོང་རྡལ་དུ་ལོ་ཕྱེད་ནང་མི་རིགས་དུས་སྟོན་དང་རིག་རྩལ་འཁྲབ་སྟོན་གྱི་བྱེད་སྒོ་གཅིག་རེ་སྤེལ་ཡོད།
མི་རིགས་རིག་གནས་ཀྱི་ནུས་ཤུགས་ཆེ་རུ་གཏོང་བ། མགྱོགས་མྱུར་གྱིས་གྲངས་ཉུང་མི་རིགས་ས་ཁུལ་འཕེལ་རྒྱས་བཏང་སྟེ།མི་རིགས་ས་ཁུལ་བར་གྱི་བར་ཁྱད་ཆུང་དུ་གཏོང་དགོས་ལ། མི་རིགས་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་ཀྱི་རྒྱུད་འཛིན་ལས་གྲྭ་ལག་བསྟར་བྱེད་ནས་མི་རིགས་ཁྱད་ལྡན་རིག་གནས་སྲུང་སྐྱོབ་དང་རྒྱུད་འཛིན་གསར་གཏོད་ལ་ཤུགས་སྣོད་རྒྱབ་ཡོད། མི་རིགས་སྲོལ་རྒྱུན་རིག་གནས་ཀྱི་རྟེན་གཞི་དང་འགྲེམ་སྤེལ་ས་གནས། མི་རིགས་ཁྱད་ལྡན་གྲོང་ཚོ་སྐོར་ཞིག་འཛུགས་སྐྲུན་བྱ་རྒྱུ་ཡིན་ལ། རིག་གནས་དམངས་ཕན་གྱི་ལས་གྲྭ་ལག་བསྟར་བྱས་ནས། སྤྱི་སྤྱོད་རིག་གནས་ཀྱི་སྒྲིག་གཞི་དང་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་ནས་རིག་གནས་གཏིང་ཟབ་དང་ཡུལ་སྐོར་མཉམ་འདྲེས་ཀྱིས་གོང་འཕེལ་གཏོང་རྒྱུ་རེད། (རིན་ཆེན་གྱིས་བསྒྱུར། )