རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-03-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་3པའི་ཚེས་7ཉིན་གྱི་ཕྱི་དྲོར་མ་ཁྱིམ་དུ་དུས་ཆེན་གཏོང་འགྲོ་ཞེས་པའི་གླིང་ཁའི་བྱེད་སྒོ་ཁུལ་ལུས་རྩལ་ལྟེ་གནས་ཀྱི་ལག་རྩེད་སྤོ་ལོ་ཁང་དུ་བསྡུས་པ་དང་། ཁུལ་ཐད་གཏོགས་(ཞིང་ཆེན་གཏོགས་པའི་ཁུལ་དུ་བཅའ་སྡོད་བྱས་ཡོད་པའི་) ལས་ཁུངས་ཁག་གི་བུད་མེད་རྩ་འཛུགས་དང་བུད་མེད་ལས་བྱེད་པའི་རྩ་འཛུགས་བྱེད་སྒོར་ཞུགས་པ་རེད། བྱེད་སྒོ་དེ་ང་དང་ངའི་མེས་རྒྱལ་ཞེས་པའི་གླུ་གཞས་མཉམ་ལེན་ཁྲོད་འགོ་བཙུགས་པ་དང་། ཐག་པ་འཐེན་པ་དང་འདུག་སྟེགས་འཕྲོག་པ། མི་གཉིས་ཀྱི་རྐང་པ་དཀྲིས་ནས་རྒྱུག་པ་སོགས་ཀྱི་འགྲན་བསྡུར་རྣམ་གྲངས་ཡོད་དེ། འགྲན་བསྡུར་ཁྲོད་རྒྱལ་ཁ་ཐོབ་ན་པ་སེ་ལེན་ནས་འདག་ཕྱེ་དང་ཡི་ཙི། སོ་འཁྲུད་ས་སོགས་བརྗེ་ཆོག་རེད།