རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-03-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ད་ལོར། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཟོང་རྟགས་མངོན་པར་སྟོན་པ་བརྒྱུད་ནས་མུ་མཐུད་དུ་གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་དང་། ཐོན་ལས་དང་གྲོང་ཁྱེར་མཉམ་འདྲེས་རྒྱུན་འཁྱོངས། བཟང་དྲུག་མཛོམས་པའི་གྲོང་ཁྱེར་འཛུགས་སྐྲུན་གཙོ་གནད་དུ་བཟུང་སྟེ། མུ་མཐུད་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་གཞི་དང་ཞབས་ཞུའི་ནུས་པ་འཐུས་ཚང་གིས་གྲོང་ཁྱེར་སྔར་ལས་ལྷག་པའི་འགུག་ཤུགས་ལྡན་པ་དང་ཤང་གྲོང་སྔར་ལས་ངོ་གདོང་ཅན་དུ་གཏོང་རྒྱུ་ཡིན་པ་རེད།
གྲོང་ཁྱེར་གྱི་འཛུགས་སྐྲུན་དེ་གྲོང་ཁྱེར་གྱི་འཕེལ་རྒྱས་དང་ཤང་གྲོང་དར་སྤེལ་གྱི་སྒྲིག་བཀོད་ལྟར་ལག་བསྟར་བྱ་ལ། མིག་རྒྱང་རིང་བོ་དང་སྔོན་གྲལ་ཡིན་པ། མངོན་ཐོན་གྱི་འཆར་འགོད་བསམ་བློ་བཅས་ལ་བརྩི་སྲུང་བྱ་རྒྱུ་ཡིན་པ་རེད། ལེགས་བསྡུས་ཞིབ་ གཉེར་དང་ཁྱད་ཆོས་ལྡན་པ། ཁོར་སྲུང་བཅས་ཀྱི་རེ་འདུན་གཙོ་གནད་དུ་བཟུང་ནས། གཏིང་ཟབ་པའི་སྒོ་ནས་སྒྲིག་མང་གཅིག་གྱུར་གྱི་ལས་ཀ་སྐུལ་སྤེལ་གཏོང་རྒྱུ་ཡིན་ལ།མུ་མཐུད་དུ་གྲོང་ཁྱེར་སྲིད་འཛིན་ནུས་པའི་སྒྲིག་གཞི་འཐུས་ཚང་དུ་གཏོང་རྒྱུ་ཡིན་ཏེ། འོ་མ་མཚོ་ཁ་དངོས་སྐྱེལ་ཁུལ་གཉིས་པ་གསུམ་པ་དང་། 2019ལོའི་གྲོང་ཁུལ་སྤྱིལ་ཁྱིམ་ཁུལ་བསྒྱུར་བཀོད། འོ་མ་མཚོའི་སྐྱེ་ཁམས་རླན་སའི་སྤྱི་གླིང་། གྲོང་ཁྱེར་བྱང་ཕྱོགས་ཀྱི་སྐོར་ལམ་སོགས་འཛུགས་སྐྲུན་འགོ་བརྩམ་རྒྱུ་ཡིན་ལ། མཆོད་རྟེན་དཀར་པོ་ལམ་ཆེན་དང་ཤམ་བྷ་ལ་སྤྱི་གླིང་སོགས་འཛུགས་སྐྲུན་བྱེད་ཚར་རྫེས་བཀོད་བྱ་རྒྱུ་ཡིན་པ་རེད།
བཞུར་ཆུ་ཆེ་ཆུང་གཅིག་བསྡུས་ལེགས་བཅོས་དང་གློག་དྲ་ཆུང་འབྲིང་གི་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་ལེགས་པོ་བྱ་ལ། གྲོང་གསེབ་ཀྱི་གསང་སྤྱོད་ཁང་དང་ཁྱིམ་ཚང་གི་གསང་སྤྱོད་ཁང་700ལྷག་ཞིག་གསོ་གསར་སྐྲུན་བྱ་རྒྱུ་ཡིན་པ་རེད། གློག་དང་དྲ། དངོས་སྐྱེལ་སོགས་རྨང་གཞིའི་སྒྲིག་གཞི་འཛུགས་སྐྲུན་བྱས་ནས།ནུས་ཤུགས་ཡོད་རྒུས་ཆེས་མཛེས་པའི་གྲོང་ཚོ་སྐོར་ཞིག་འཛུགས་སྐྲུན་བྱ་རྒྱུ་ཡིན་པ་རེད།
ནུས་ཤུགས་ཡོད་རྒུས་《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་དོ་དམ་དོན་ཚན་》དྲིལ་བསྒྲགས་དོན་འཁྱོལ་ལ་ཤུགས་སྣོན་དང་། གྲོང་ཁྱེར་གྱི་གཅིག་བསྡུས་ཁྲིམས་འཛིན་ལ་ཤུགས་སྣོན་གྱིས་ཁྲིམས་ལྟར་བོད་ཁུལ་སྐྱོང་བའི་བསམ་བློ་གྲོང་ཁྱེར་འཕེལ་རྒྱས་ཀྱི་ཁོངས་སོ་སོར་མཉམ་འདྲེས་ཐུབ་པ་བྱེད་དེ། ཕན་འབྲས་ལྡན་པའི་སྒོ་ནས་ལུགས་མེད་འཛུགས་སྐྲུན་དང་ལུགས་མེད་འཁོར་འཇོག་སོགས་ཀྱི་སྒྲིག་འགལ་བྱ་སྤྱོད་ཐག་གཅོད་བྱ་རྒྱུ་ཡིན་ལ།གཏིང་ཟབ་པའི་སྒོ་ནས་རྒྱལ་གཅེས་རིང་ལུགས་དང་ཁྱིམ་གཞིས་སྤྱོད་བཟང་སློབ་གསོ་སྤེལ་ནས། མང་ཚོགས་ཀྱི་ཁྲིམས་སྲུང་དང་ཏང་གི་བཀའ་དྲིན་དྲན་པའི་འདུ་ཤེས་བརྟན་པོ་ཆགས་པ་བྱེད་དེ། ཆེས་མཛེས་པའི་ཁྱིམ་གཞིས་སྐོར་ཞིག་གསོ་སྤེལ་བྱ་རྒྱུ་ཡིན་པ་རེད།