བདེ་ཆེན་ཁུལ་འབའ་ལུང་རྫོང་བཀྲ་ཤིས་དར་རྒྱས་གླིང་གིས་སྡོང་འཛུགས་ནགས་སྐྲུན་གྱི་དགེ་ལས་བསྒྲུབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-03-13   རྩོམ་ཁུངས།   

        བདེ་ཆེན་ཁུལ་འབའ་ལུང་རྫོང་ཁང་ཕུའུ་ཤང་གི་བཀྲ་ཤིས་དར་རྒྱས་གླིང་གིས་དད་ལྡན་མང་བོས་ཉ་རིགས་དང་སྒོ་ཕྱུགས། བྱ་རིགས་སོགས་ཚེ་ཐར་བཏང་ནས་སྐྱེ་ཁམས་དོ་མཉམ་ལ་གནོད་པ་བྱེད་པའི་བྱ་སྤྱོད་བསྒྱུར་ཆེད། དགོན་པའི་ཉེ་འགྲམ་དུ་དགེ་སྒྲུབ་གླིང་ཞེས་པའི་སྡོང་འཛུགས་ནགས་སྐྲུན་གྱི་ར་བ་ཆེན་པོ་ཞིག་བཟོས་ཡོད་ལ། དགོན་པའི་གྲྭ་བ་རྣམས་ཀྱིས་ཧུར་བརྩོན་གྱིས་དད་ལྡན་མང་ཚོགས་ལ་སྣེ་ཁྲིད་བྱས་ཏེ་སྡོང་འཛུགས་ནགས་སྐྲུན་གྱི་སྤྱོད་བཟང་སྤེལ་བཞིན་ཡོད་པ་རེད།

        ཟླ་བ་3པའི་ཚེས་12ཉིན། དགོན་པའི་གྲྭ་རྣམས་ཚོ་ཆུང་འགར་བགོས་ནས་ལ་ལས་ས་དུང་བརྐོ་བ་དང་ལ་ལས་སྡོང་ཕྲུག་སྐྱོར་བ། ལ་ལས་ས་བླུགས་པ་སོགས་ཕན་ཚུན་ལ་རམ་འདེགས་ཀྱིས་སྡོང་འཛུགས་ནགས་སྐྲུན་གྱི་དགེ་བའི་ལས་ཀ་ཡག་པོ་སྒྲུབ་བཞིན་ཡོད།      

        བཀྲ་ཤིས་དར་རྒྱས་གླིང་གི་གྲྭ་བ་བསོད་ནམས་དོན་གྲུབ་ཀྱིས་དེ་རིང་སྡོང་འཛུགས་ནགས་སྐྲུན་གྱི་བྱེད་སྒོ་འདིར་ཞུགས་པར་དོན་སྙིང་ཆེན་པོ་ལྡན། དུས་ཡུན་རིང་བོར་དད་ལྡན་མང་ཚོགས་ཀྱི་དགོན་པའི་ཉེ་འགྲམ་དང་བླ་མཚོ་སོགས་སུ་ཚད་བརྒལ་གྱི་ཚེ་ཐར་གཏོང་བའི་བྱེད་སྒོ་སྤེལ་བས་སྐྱེ་ཁམས་དོ་མཉམ་ལ་གནོད་པ་ཆེན་པོ་བཏང་བཞིན་ཡོད། ང་ཚོས་དགེ་སྒྲུབ་གླིང་འདི་བཙུགས་ནས་ཚད་མཐོའི་སྐྱེ་ཁམས་དང་སྲོག་ཆགས་སྲུང་སྐྱོབ་ཐུབ་པ་བྱེད་བཞིན་ཡོད་ཅེས་བཤད།