བདེ་ཆེན་ནས་ཡོང་བའི་རྒྱལ་ཡོངས་དམངས་ཆེན་འཐུས་མི་ལི་ཅིན་ལན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-03-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        1992ལོར་སྐྱེས་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ལི་ཅིན་ལན་ལ་མཚོན་ན།  རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་སུ་ཞུགས་པ་ནི་ལས་སླ་པོ་མིན།  མོའི་ཕ་ཡུལ་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་ལི་སུའུ་རིགས་རང་སྐྱོང་རྫོང་ནས་ཡིན་ལ། རྒྱལ་ཡོངས་ཚོགས་ཆེན་གཉིས་སུ་ཞུགས་བའི་ཆེད་མོས་འགྲིམ་འགྲུལ་ཡོ་བྱད་4བརྗེ་བ་ཡིན་ཏེ།  སྔོན་སྦག་སྦག་འཁོར་ལོ་བསྡད་ནས་གྲོང་རྡལ་དུ་སོང་བ་དང་། དེ་ནས་རླངས་འཁོར་བསྡད་ནས་འབའ་ལུང་རྫོང་དུ་སོང་བ།  དེའི་རྗེས་འགྲུལ་སྐྱེལ་རླངས་འཁོར་ཆེན་པོ་བསྡད་ནས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་སོང་།  དེའི་རྗེས་གནམ་གྲུ་བསྡད་ནས་ཁུན་མིང་དུ་འདུ་འཛོམས་བྱས།  མཐའ་པེ་ཅིང་དུ་སོང་བ་རེད།

ལི་ཅིན་ལན་ནི་2016ལོར་སློབ་ཆེན་ནས་མཐའ་ཕྱིན་ཏེ་ཕ་ཡུལ་དུ་ལོག་ནས་ལས་ཞུགས་པ་དང་།  ལོ་3གྱི་རིང་དུ།  མོས་ཕ་ཡུལ་གྱི་འགྲོ་ལམ་འཛུགས་སྐྲུན་དང་ཁྱིམ་བསྐྱུར་བྱིས་པའི་སློབ་གསོ། སློབ་ཆེན་སློབ་མའི་ལས་ཞུགས་ལས་གཏོད་སོགས་ཀྱི་གནད་དོན་ལ་དོ་ཁུར་བྱས་ཡོད།

        2018ལོར།  མོས་པེ་ཅིང་དུ་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་སུ་ཞུགས་འགྲོ་དུས།  གྲོང་སྡེའི་གྲོང་མི་ཚོ་ཆུང་གཅིག་ཏུ་ད་དུང་ཨམ་འདམ་ལམ་མེད་པ་དང་།  ན་ནིང་ཚོགས་ཆེན་གཉིས་མཇུག་སྒྲིལ་རྗེས་མོས་སྲིད་གཞུང་ལ་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་ལ་མཐོང་ཆེན་བྱེད་དགོས་པའི་བསམ་འཆར་མང་པོ་བཏོན་ནས་2018ལོའི་ཟླ10པ་ནས་བཟུང་འགྲོ་ལམ་སྐྲུན་འགོ་ཚུགས་པ་རེད།

        ཕ་ཡུལ་དུ་ལོག་ནས་ལས་བྱེད་པའི་ལོ་འདི་དག་ལ།  གྲོང་སྡེའི་ནང་མཐའ་ཕྱིན་པའི་སློབ་ཆེན་སློབ་མ་ལོ་རེ་ལས་ལོ་རེ་མང་བ་དང་།  འགའ་རེས་ལས་ཞུགས་པར་མི་འཚབ་པ་དང་ཁྱིམ་ནང་གཞུང་ཞབས་པའི་རྒྱུགས་ལེན་བར་གྲ་སྒྲིག་བྱས་ནས་བསྡད་ཡོད་ལ།  ན་གཞོན་ཚོས་ཡུལ་དུ་ལོག་ནས་རྒྱུགས་ལེན་པར་གྲ་སྒྲིག་བྱེད་པའི་རྒྱབ་ཏུ་ཁོ་ཚོའི་ལས་ཞུགས་དཀའ་ངལ་མཚོན་ཡོད་པ་དང་།  མོས་གསར་འགོད་པ་ལ་གྲོང་གསེབ་ཀྱི་ཁྱིམ་ཚང་གི་སློབ་ཆེན་སློབ་མ་ཞིག་མཁོ་འདོན་བྱེད་པ་ནི་ལས་སླ་པོ་མིན་ལ།  ཕ་མས་ཟ་མཁས་སྤྱོད་མཁས་བྱེད་དགོས་པ་མ་ཟད།  སློབ་མ་འགས་སློབ་གྲྭར་སོང་དུས་ད་དུང་སློབ་ཞོར་ལས་ཀ་བྱས་ནས་སློབ་ཡོན་གཉེར་དགོས་རེད།  ང་ཚོའི་ཡུལ་ནང་གི་ཁྱིམ་བདག་ཚོའི་བསམ་བློ་ད་དུང་ཅུང་རྗེས་ལུས་ཡིན་པ་དང་། རང་གི་བྱིས་པ་ངོ་སོ་ཆེ་བའི་ལས་ཀ་ཞིག་རགས་དགོས་པའི་བསམ་པ་ཡོད་པས་གྲོང་གསེབ་ཏུ་གཞི་འཆའ་ནས་ལས་བྱེད་པའི་ན་གཞོན་ཧ་ཅང་དཀོན་རེད་ཞེས་ཟེར།

      མོས་གནད་སྨིན་དབུལ་སྐྱོར་སྤེལ་བ་ནས་བཟུང་།  རྒྱལ་ཁབ་ཀྱིས་དབུལ་ཕོངས་ས་ཆའི་སློབ་གསོ་ལ་མ་དངུལ་འཇོག་ཚད་རྒྱུན་ཆད་མེད་པར་མཐོར་བཏང་ཡོད་མོད།  འོན་ཀྱང་དབུལ་ཕོངས་ས་ཆའི་ན་གཞོན་ཚོ་ལ་ལས་ཞུགས་གང་ལེགས་བྱེད་དུ་བཅུག་པ་ནི་ད་དུང་གནད་དོན་ཞིག་ཡིན།  མོས་བསམ་འཆར་འདོན་དོན།  དབུལ་ཕོངས་ཡིན་པའི་སློབ་ཆེན་སློབ་མ་ལ་རོགས་སྐྱོར་བྱེད་ཤུགས་ཆེར་གཏོང་དགོས་པ་དང་། ཁྱད་པར་དུ་དབུལ་ཕོངས་དུད་ཚང་གི་སློབ་མའི་ལས་ཞུགས་འགྲོ་ལམ་བདེ་བགྲོད་བྱེད་དགོས།  མོས་ད་དུང་ཉེ་བའི་ལོ་འགའི་རིང་།  མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་ལེན་པུའུ་ཡིས་ན་གཞོན་ཚོ་ལ་ལས་ཞུགས་སྐལ་བ་མང་པོ་འདོན་སྤྲད་བྱས་ཡོད་དེ།  དཔེར་ན་སྤྱི་ཕན་རང་བཞིན་གྱི་ལས་གནས་དང་གྲོང་གསེབ་དགེ་རྒན་སོགས།  ཡིན་ཡང་ལས་གནས་འདི་དག་གི་གླ་ཕོགས་མཐོན་པོ་མིན་པས་མི་ཉར་བར་དཀའ་ལ།  གྲོང་གསེབ་ཀྱིས་ན་གཞོན་ཉར་བར་འདོད་ན་ལས་གནས་དེ་ཚོའི་གླ་ཕོགས་མཐོ་རུ་གཏོང་ན་ལེགས། 

གནད་དོན་འདི་ཐག་གཅོད་དགོས་ན་ད་དུང་སྣེ་ཁྲིད་བྱེད་མཁན་ཞིག་དགོས་པ་དང་།  དེ་ལས་མང་བའི་ན་གཞོན་ཚོས་རང་ཡུལ་དུ་ལས་གཏོད་པར་སྣེ་ཁྲིད་བྱེད་དགོས་ཞེས། མོས་གྲོང་གསེབ་ཀྱི་ན་གཞོན་ཚོའི་དར་འཕེལ་ལ་རོགས་སྐྱོར་བྱེད་ན།  རྒྱལ་ཁབ་ཀྱི་མ་འཇོག་འགན་ལེན་གལ་ཆེན་ཡིན་ལ།  སྲིད་ཇུས་ཀྱི་གདུབ་ཟུམ་ཡང་ཆགས་དགོས་པ་དང་།  སྤྱི་ཚོགས་ཐོག་གི་ནུས་ཤུགས་དེ་ལས་མང་བའི་ན་གཞོན་ཚོར་རོགས་སྐྱོར་བྱེད་པར་སྐུལ་སློང་བྱེད་དགོས་ཞེས་ཟེར།