གནའ་མིས་བཏོན་པའི་ཚེ་རིང་བྱེད་ཀྱི་མན་ངག་བདུན།

རྩོམ་པ་པོ།   ཚེ་དོན་གྱིས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2019-03-18   རྩོམ་ཁུངས།   



       གཅིག     མགོ་ནི་བློ་རིག་རྒྱས་པ་དང་སྤྱང་གྲུང་འཛོམས་བྱེད་ཀྱི་གཞུང་ལྟ་བུ་ཡིན་པས།  ཉིན་རེར་མགོ་ལ་སྐྲ་ཤད་ཀྱིས་ཐེངས་གསུམ་རེ་བཤར་ན་ནད་བརྒྱ་སེལ་ཐུབ་པར་བརྗོད།    གཉིས།  རྐང་པ་ནི་མིའི་ལུས་ཐོག་གི་སྙིང་གཉིས་པ་དེ་ཡིན་ཞེས་བཤད་སྲོལ་ཡོད།   དེས་ན་རྒྱུན་པར་རྐང་མཐིལ་མནན་ན་བདེ་ཐང་ལ་ལྷག་པར་གོ་ཆོད་པར་བཤད།   གསུམ་པ་ཉིན་རེར་མཆིལ་མ་ཐེངས་སུམ་བརྒྱ་རེ་མིད་ན།   ལོ་བརྒྱ་ཐུབ་པར་གདེང་ཚོད་རྙེད་ཅེས་བཤད་ཡོད།   ཁའི་ནང་གི་མཆིལ་མ་ལ་ལུས་ཟུངས་གསོ་བ་དང་།   ཟས་འཇུ་བ།   ཚ་བ་སེལ་བའི་ནུས་པ་ལྡན་ལ།   སོ་རྙིལ་ལ་སྲུང་སྐྱོབ་ཀྱང་བྱེད་ཐུབ་པར་བརྗོད་ཡོད། བཞི།   ཞོགས་པ་དང་དགོང་མོའི་དུས་སུ་ཡ་ཁའི་སོ་དང་མ་ཁའི་སོ་གཉིས་ཕན་ཚུན་རྡུང་ཐུག་རྒྱག་ཏུ་བཅུག་ན་ལོ་ན་བརྒྱད་བཅུ་སླེབས་ཡང་སོ་མི་ལྷུང་ཞེས་བཤད་སྲོལ་ཡོད།   ལྔ།   མཁལ་མར་ཕན་པའི་གནད་འགག་ནི་རྣ་ཅོག་ཐོག་ན་ཡོད།   དེས་ན་རྒྱུན་པར་རྣ་ཅོག་ཕུར་མཉེད་དང་ཕར་འཐེན་ཚུར་འཐེན་བྱས་ན་རྣ་འོན་པ་འགོག་ཅིང་།   ད་དུང་ངལ་དུབ་སེལ་ཞིང་བློ་རིག་རྒྱས་ནས་ལུས་པོ་ཡོངས་ལ་ཕན་པར་བརྗོད་ཡོད།   དྲུག   ཁྱོ་ཤུག་ཕན་ཚུན་བར་སྐེད་པ་རྡུང་ན།   ངལ་དུབ་སེལ་ཞིང་ལུས་པོ་ཇེ་བཟང་དུ་འགྲོ་ལ་སྐྲན་རིགས་འགོག་ཐུབ་པར་བརྗོད།   བདུན།   ཉིན་རེར་གྲོད་པའམ་ལྟོ་བ་འཕུར་མཉེན་ལན་བརྒྱ་བྱས་ན།   རླུང་ཁྲག་འཁོར་རྒྱུག་འཕྲོད་ཅིང་མཚེར་བར་ཕན་པར་བརྗོད་ཡོད།