རྩོམ་པ་པོ།   ཚེ་དོན་གྱིས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2019-03-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
དེང་སང་གི་ལས་ཀ་མང་པོ་ཞིག་ནི་གློག་ཀླད་དང་ལག་ཁྱེར་ཁ་པར་དང་འབྲལ་ཐབས་མི་འདུག ཉིན་མ་རེ་རེར་གློག་ཀླད་དང་ལག་ཁྱེར་ཁ་པར་ལ་བལྟ་ཡུན་རིང་དྲགས་པས་མིག་ལ་གནོད་འཚེ་ཅི་རིགས་བཟོ་བཞིན་ཡོད། འདི་ནས་ཁྱེད་ལ་མིག་ཟུང་གསོ་བའི་ཇ་ཞིག་ངོ་སྤྲོད་བྱེད་པ་ལ། འཕང་འབྲས་(枸杞)རྡོག་རིལ་བརྒྱད་ནས་བཅུ་དང་། ལུག་མིག་མེ་ཏོག(菊花)སྣ་ལྔ་ནས་དྲུག་ཆུ་ཁོལ་ནང་སྦངས་ནས་ཇ་ཡི་ཚུལ་དུ་འཐུང་ན། ལུག་མིག་མེ་ཏོག་དང་འཕང་འབྲས་ཀྱི་ནང་དུ་འཚོ་བཅུད་ཀྱི་རྫས་མང་པོ་འདྲེས་ཡོད། འདི་ལ་འདྲེ་ཚེར་ཞེས་ཀྱང་འབོད་ཀྱི་འདུག་ལ། ཉིང་ཞ་ས་ཁུལ་གྱི་འཕང་འབྲང་ཅུང་མིང་གྲགས་ཆེ། གཞན་གྱིས་འཕང་འབྲས་ལ་ཤར་ཕྱོགས་ཀྱི་རྩྭ་སྨན་མཚར་བོ་ཞེས་པའི་མིང་ཞིག་ཀྱང་བསྩལ་ཡོད། འདི་ལ་སྨན་དང་ཟས་རིགས་ཕྱོགས་གཉིས་ཀའི་སྟེང་སྤྱད་ཆོག འདི་ལ་རིམས་འགོག་ནུས་པ་ཇེ་དྲག་གཏོང་བ་དང་། རྒས་འཁོགས་སུ་ཆགས་པ་འགོག་པ། མཆིན་པ་དང་མཁལ་མ་གསོ་བ། ངོ་གདོང་ཇེ་མཛེས། ཁྲག་མངར་དང་ཁྲག་ཞག་ཇེ་ཉུང་དུ་གཏོང་བའི་ནུས་པ་ལྡན། ལུག་མིག་མེ་ཏོག་ལ་ཚ་དུག་འཇོམས་པ་དང་། མིག་གི་ངལ་དུབ་སེལ་བ། ཆམ་ནད་འགོག་པ། ཟ་འཕྲུག་འགོག་པ་སོགས་ཀྱི་ནུས་པ་ལྡན་པར་བརྗོད་ཡོད་པས། གློག་ཀླད་དང་ཁ་པར། བརྙན་འཕྲིན་དང་དཔེ་ཆ་སོགས་ལ་བལྟ་ཡུན་རིང་དྲགས་པའི་སྐུ་ཉིད་ཀྱིས་ཁོམ་ལོང་བྱུང་དུས་ཇ་འདི་བསྟེན་ནས་རང་གི་དབང་བོའི་བདེ་ཐང་ལ་དོ་སྣང་བྱེད་རོགས་ཞུ།