རྩོམ་པ་པོ།   ཚེ་དོན་གྱིས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2019-03-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
གཅིག དུས་ཚོད་མང་པོ་ཞིག་ནི་སྒྲུབ་མི་འོས་པའི་བྱ་བའི་ཐོག་ཏུ་སྤྱད་པ་སྟེ། དཔེར་ན། གློག་ཀླད་དང་ཁ་པར་ནང་གི་རྩེད་འཇོར་སྣ་ཚོགས་ལ་རོལ་བ་དང་། རྒྱུན་པར་ཆང་རེག་ལ་སེམས་ཆགས་པ་ལྟ་བུ། གཉིས། རྒྱུན་པར་གཞན་ལ་ལེ་འདའ་དང་། རྟག་ཏུ་གཞན་ལ་འཁང་ར་བྱེད་པ། གསུམ། སློབ་སྦྱོང་བྱེད་པའི་མཚམས་བཞག་པ། བཞི། སེམས་ནང་ལ་ཤར་ཤར་དང་དྲན་དྲན་ཐམས་ཅད་ནི་ཁས་མི་ལེན་པ་དང་། ལྡོག་ཕྱོགས་ཡིན་པ། ཕན་མི་ཐོགས་པ། འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བ། འབད་བརྩོན་དང་ཡར་ཐོན་ཡོང་ཐབས་མི་བྱེད་པའི་སྒྱིད་ལུག་གི་དྲན་ཚུལ་ཡིན་པ། ལྔ། འཆར་གཞི་མེད་པ། མ་འོངས་པའི་བྱ་བར་འཆར་གཞི་དང་གྲ་སྒྲིག་མི་བྱེད་པ། དྲུག དུས་ཚོད་མང་པོ་ཞིག་ནི་རང་གི་འཚར་ལོངས་ཀྱི་གོ་རིམ་ལ་དཔེ་སྟོན་དང་ཡར་ཐོན་གྱི་ནུས་པ་མེད་པའི་མི་དང་མཉམ་འདུག་བྱས་པ། བདུན། རང་གི་ལུས་ཕུང་ལ་བདག་སྐྱོང་མི་བྱེད་པ། བདེ་ཐང་གི་ཕྱོགས་ལ་སེམས་ཁུར་མི་བྱེད་པ་བཅས་སོ། ། དེས་ན་ལོ་ན་གཞོན་པའི་དུས་ལ་རང་གི་ཚེ་སྲོག་འདི་འཕྲོ་བརླག་བྱེད་པའི་མཚམས་བཞག་ནས་འཚོ་བ་ལ་ངོས་འཛིན་དང་ལྟ་སྟངས་ཡག་པོ་ཞིག་བཟུང་སྟེ་མུ་མཐུད་ནས་སློབ་སྦྱོང་དང་། འབད་བརྩོན་བྱེད་པའི་དགོས་པ་ཤིན་ཏུ་ཆེའོ། །