རྒྱལ་ཐང་ནོར་བུའི་ས་ཆ་ལ་དཔྱིད་ཀྱི་དཔལ་ཡོན་ཤར་བྱུང་།

རྩོམ་པ་པོ།   རིན་ཆེན་ཚེ་རིང་།  ཡིག་བསྒྱུར།       དུས་ཚོད།   2019-03-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


       ཉེ་ཆར་ནམ་ཟླ་ཡུན་གྱིས་ཇེ་དྲོར་སོང་བ་དང་བསྟུན་ནས་བདེ་ཆེན་མཐོ་སྒང་གི་ས་གཞི་དྲོད་ཀྱིས་ཁེངས་ཤིང་། རི་ལུང་ཀུན་གྱི་རྩྭ་རྩི་ཤིང་སྣ་ཚོགས་ལ་རེ་བའི་མྱུ་གུ་འབུས་བཞིན་ཡོད་ལ། ལྷག་པར་དུ་ནགས་ཕག་མཚོའི་མཐའ་འཁོར་ན་དགུན་སྐྱེལ་བཞིན་པའི་བྱ་རིགས་སྣ་ཚོགས་ཀྱིས་དྲོད་འཇམ་གྱི་ཉི་འོད་ཁྲོད་ན་དཔྱིད་ཀ་སླེབས་པར་དགའ་བའི་མགྲིན་གླུ་ལེན་ཞིང་སྤྲོ་བའི་གཤོག་རྩལ་ངོམ་བཞིན་ཡོད།