ཉིང་ཁྲི་གྲོང་ཁྱེར་གྱི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་བཅུ་བདུན་པ་ཟླ3ཚེས29ཉིན་འགོ་འཛུགས་རྒྱུ་རེད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-03-26   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

        གསར་འགོད་པས་ཉིང་ཁྲི་གྲོང་ཁྱེར་གྱི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྒྲིག་འཛུགས་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་བཅུ་བདུན་པ་ཟླ3ཚེས29ཉིན་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀ་ལ་གྲོང་ཚོར་འགོ་འཛུགས་རྒྱུ་ཡིན་པ་རེད།

         སྐབས་འདིའི་ཁམ་བུའི་མེ་ཏོག་དུས་ཆེན་ཐོག“མི་ཡུལ་གྱི་དག་ཞིང་། མཛེས་པའི་ཉིང་ཁྲི”ཞེས་པ་མུ་མཐུད་བརྗོད་དོན་གཙོ་བོར་བྱས་ནས་བྱེད་སྒོ་ཆེ་གྲས13བཏོན་ཏེ་དར་རྒྱས་ཆེ་བའི་ཉིང་ཁྲི་དང་། ཞི་མཐུན་གྱི་ཉིང་ཁྲི། བདེ་ཐང་གི་ཉིང་ཁྲི། ལྗང་མདོག་གི་ཉིང་ཁྲི། མཛེས་སྡུག་ལྡན་པའི་ཉིང་ཁྲི་བཅས་མངོན་པར་བྱ་རྒྱུ་རེད། བྱེད་སྒོའི་ནང་དོན་གྱི་གྲས་སུ་འགོ་ཚུགས་མཛད་སྒོ་དང་དེ་བཞིན་རིག་རྩལ་འཁྲབ་སྟོན་དང་། “ཁམ་བུའི་ལྡུམ་རའི་ཞིམ་ཟས”ཀྱི་ཁྱད་ལྡན་ཞིམ་ཟས་ཀྱི་འགྲེམས་ཚོང་བྱེད་སྒོ། གངས་ལྗོངས་ཁམ་བུའི་མེ་ཏོག་གི་ཉིང་ཁྲིའི་སྦི་རག་རོལ་དབྱངས་དུས་ཆེན། “ཁམ་བུའི་ལྡུམ་རའི་ཕྱག་རྟགས”ཀྱི་ཁྱད་ལྡན་ཐོན་རྫས་ཀྱི་འགྲེམས་ཚོང་བྱེད་སྒོ། ཀྲུང་གོའི་ནགས་ཚལ་བྱེས་བགྲོད་ཀྱི་རིམ་སྤེལ་འགྲན་བསྡུར་གྱི་ཉིང་ཁྲིའི་ས་ཚིགས(རྒྱལ་ཁབ་རིམ་པ)དང་2019ལོའི་བོད་ལྗོངས་ཧི་མ་ལ་ཡའི་རླངས་འཁོར་བྱེས་བགྲོད་འགྲན་བསྡུར་གྱི་ཉིང་ཁྲིའི་ར་བའི་འགྲན་བསྡུར། “ཁམ་བུའི་ལྡུམ་རར་དགའ། ཀྲུང་གོའི་དཔྱིད་དུས་མཛེས་ཤོས་འཚོལ་བ”——ཉིང་ཁྲི་གྲོང་ཁྱེར་གྱི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་བཅུ་བདུན་པའི་དྲ་རྒྱའི་པར་ལེན་བརྩམས་ཆོས་བསྡུ་རུབ་འགྲེམས་སྟོན། “ཡར་ཀླུང་གཙང་པོའི་རོང་ཆེན་དུ་ཡུལ་སྐོར་བྱེད། ལེ་དབར་བརྒྱ་ཡི་ཁམ་བུའི་མེ་ཏོག་གི་ཞིང་ཁམས་ལ་མྱོང་རོལ་བྱེད”སོགས་ཚུད་ཡོད་པ་རེད།