2019ལོའི་གནས་ཐང་འཕར་ཁྲལ་སྒྱུར་བཅོས་ཀྱི་སྲིད་ཇུས་ངོ་སྤྲོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-04-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        གནས་ཐང་འཕར་ཁྲལ་ངོ་བོའི་རང་བཞིན་གྱིས་འབབ་ཆག་བྱུང་བར་སྐུལ་འདེད་གཏོང་བའི་ཆེད་དུ།  ནོར་སྲིད་པུའུ།  ཁྲལ་དོན་སྤྱི་ཁྱབ་ཅུས། མཚོ་འགག་སྤྱི་ཁྱབ་ཧྲུའུ་བཅས་ཀྱིས་ཟླ་3པའི་ཚེས་21ཉིན་དུ་གནས་ཐང་འཕར་ཁྲལ་སྒྱུར་བཅོས་གཏིང་ཟབ་བྱེད་པའི་འབྲེལ་ཡོད་སྲིད་ཇུས་སྐོར་གྱི་སྤྱི་བསྒྲགས་ཞེས་པ་བཏང་བ་དང་།  2019ལོའི་ཟླ་4པའི་ཚེས་1ཉིན་ནས་བཟུང་། རྒྱལ་ཁབ་ཡོངས་སུ་གནས་ཐང་འཕར་ཁྲལ་སྒྱུར་བཅོས་གཏིང་ཟབ་བྱེད་པའི་བྱེད་ཐབས་ཁྱབ་སྤེལ་གཏོང་རྒྱུ་སྟེ། 

        གཅིག་ནི་ཁྲལ་ཚད་ཆག་པ།  སྤྱིར་བཏང་གི་ཁྲལ་མཇལ་མཁན་གྱིས་གནས་ཐང་འཕར་ཁྲལ་མཇལ་དགོས་པའི་ཕྱིར་ཚོང་བྱེད་པའི་བྱ་སྤྱོད་དང་དངོས་ཟོག་ནང་འདྲེན་བྱེད་དུས།  དེ་སྔའི་16%གི་ཁྲལ་ཚད་སྤྱད་འཐུས་ལ་13%དུ་ལེགས་སྒྲིག་བྱེད་པ་དང་།  དེ་སྔའི་10%ཡི་ཁྲལ་ཚད་སྤྱད་འཐུས་ལ་9%རུ་ལེགས་སྒྲིག་བྱེད་པ།  ཁྲལ་མཇལ་མཁན་གྱིས་ཞིང་ལས་ཐོན་རྫས་ནང་འདྲེན་བྱེད་དུས་དེ་སྔའི་10%ཡི་འཐེན་བྱའི་ཆ་ཚད་སྤྱད་འཐུས་ལ་འཐེན་བྱའི་ཆ་ཚད་9%རུ་ལེགས་སྒྲིག་བྱེད་པ། ཁྲལ་མཇལ་མཁན་གྱིས་ཐོན་སྐྱེད་དང་ལས་སྣོན་མངགས་བཅོལ་དུ་སྤྱོད་པའི་ཁྲལ་ཚད་13%གྱི་ཞིང་ལས་ཐོན་རྫས་ནང་འདྲེན་བྱེད་དུས་10%ལྟར་གྱི་འཐེན་བྱའི་ཆ་ཚད་གྱིས་ཡོང་སྒོའི་ཁྲལ་འབབ་རྩིས་པ།  དེ་སྔའི་16%གི་ཁྲལ་ཚད་སྤྱད་འཐུས་དང་ཕྱིར་གཏོང་ཁྲལ་དངུལ་བསློགས་ཚད་16%ཡིན་པའི་ཕྱིར་གཏོང་དངོས་ཟོག་དང་ངལ་ལས་ལ་ཕྱིར་གཏོང་ཁྲལ་དངུལ་བསློགས་ཚད་13%དུ་ལེགས་སྒྲིག་བྱེད་པ།  དེ་སྔའི་10%ཡི་ཁྲལ་ཚད་སྤྱད་འཐུས་དང་ཕྱིར་གཏོང་ཁྲལ་དངུལ་བསློགས་ཚད་10%ཡིན་པའི་ཕྱིར་གཏོང་དངོས་ཟོག་དང་རྒྱལ་མཚམས་ལས་བརྒལ་བའི་ཁྲལ་མཐལ་དགོས་པའི་བྱ་སྤྱོད་ལ་ཕྱིར་གཏོང་ཁྲལ་དངུལ་བསློགས་ཚད་9%ལེགས་སྒྲིག་བྱེད་པ། 

        གཉིས་ནི་ཚབ་འཕྲི་རྒྱ་བསྐྱེད་པ། རྒྱལ་ནང་གི་ལམ་མགྲོན་སྐྱེལ་འདྲེན་ཞབས་ཞུ་ཚབ་འཕྲི་ཡི་ཁྱབ་ཁོངས་སུ་བཅུག་པ།  གཏན་འཇགས་རྒྱུ་དངོས་ཀྱི་ཡོང་ཐང་ཚབ་འཕྲི་ཐེངས་གཅིག་བྱེད་ཆོག་པ། ཐོན་སྐྱེད་དང་འཚོ་བའི་རང་བཞིན་གྱི་ཞབས་ཞུ་ལས་རིགས་སྐབས་དེའི་ཡོང་ཐང་ཚབ་འཕྲི་བྱེད་ཆོག་པའི་10%ཡི་སྣོན་རྩིས་འཕྲི་གསབ་བྱེད་དངུལ་རྩིས་འཐེན་གྱིས་ཁྲལ་མཇལ་དགོས་པའི་ཁྲལ་དངུལ་འཕྲི་གསབ་བྱེད་པ།

        གསུམ་ནི་ཁ་འཐབ་བཞག་པ་ཕྱིར་སློག་པ།  2018ལོའི་ལས་རིགས་ཁ་ཤས་སུ་ཐེངས་གཅིག་རང་བཞིན་གྱི་ཁ་འཐབ་ཁྲལ་སློག་བཞག་པའི་རྨང་གཞིའི་སྟེང་དུ། གནས་ཐང་འཕར་ཁྲལ་དུས་མཇུག་ཏུ་ཁ་འཐབ་བཞག་པའི་ཁྲལ་དངུལ་ཕྱིར་སློག་པའི་ལམ་ལུགས་ལག་ལེན་ཚོད་ལྟ་བྱེད་པ(ཆ་རྐྱེན་དང་མཐུན་པའི་ཁྲལ་མཇལ་མཁན་ལ་གནས་ཐང་འཕར་ཁྲལ་འཕར་ཚད་ཀྱི་ཁ་འཐབ་བཞག་པའི་ཁྲལ་དངུལ་ཕྱིར་སློག་པ།)