རྩོམ་པ་པོ།     ཡིག་བསྒྱུར།    ཚེ་རིང་སྒྲོལ་མ།    དུས་ཚོད།   2019-04-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནག་ཚོགས་གཙང་སེལ་ཆེད་དམིགས་འཐབ་རྩོད་སྐོར་གྱི་བཀའ་སློབ་གལ་ཆེན་དང་ཏང་ཀྲུང་དབྱང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གི་དགོངས་པ་དོན་འཁྱོལ་མཐར་ཕྱིན་བྱེད་པའི་ཆེད་དུ། ཀྲུང་དབྱང་གི་ནག་ཚོགས་གཙང་སེལ་ལྟ་སྐུལ་སློབ་སྟོན་ཙུའུ་20པས་ཉེ་སྔོན་ཡུན་ནན་ཞིང་ཆེན་ལ་བཅའ་སྡོད་བྱས་ནས་ནག་ཚོགས་གཙང་སེལ་གྱི་ལྟ་སྐུལ་སློབ་སྟོན་ལས་ཀ་སྤེལ་བ་རེད།
ཟླ་4པའི་ཚེས་1ཉིན། ཀྲུང་དབྱང་གི་ནག་ཚོགས་གཙང་སེལ་ལྟ་སྐུལ་སློབ་སྟོན་ཙུའུ20པས་ཡུན་ནན་ཞིང་ཆེན་གྱི་ལས་ཀ་སྐུལ་སློང་བྱེད་པའི་ལྟ་སྐུལ་སློབ་སྟོན་ཚོགས་འདུ་ཁུན་མིང་དུ་འཚོགས་པ་དང་། ཀྲུང་དབྱང་གི་ནག་ཚོགས་གཙང་སེལ་ལྟ་སྐུལ་སློབ་སྟོན་ཙུའུ་ཡི་ཙུའུ་ཀྲང་ཧན་ཡུང་དང་། ཙུའུ་ཀྲང་གཞོན་པ་ཀྲང་ལི་གཉིས་ཀྱིས་སོ་སོས་ལྟ་སྐུལ་སློབ་སྟོན་གྱི་ལས་ཀ་ཡག་པོ་བསྒྲུབ་དགོས་པའི་གསུང་བཤད་གནང་བ་རེད། ཡུན་ནན་ཞིང་ཨུའི་ཧྲུའུ་ཅི་ཁྲེན་ཧའོ་ཡིས་སྐུལ་སློང་གསུང་བཤད་གནང་བ་དང་། ཚོགས་འདུ་དེ་ནི་ཞིང་ཆེན་གྱི་འགོ་འཛིན་རོན་ཁྲེང་ཧྥ་ཡིས་གཙོ་སྐྱོང་གནང་བ་རེད།
ཀྲུང་དབྱང་གི་ནག་ཚོགས་གཙང་སེལ་ལྟ་སྐུལ་སློབ་སྟོན་ཙུའུ་20པའི་ཙུའུ་ཀྲང་ཧན་ཡུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནག་ཚོགས་གཙང་སེལ་ཆེད་དམིགས་འཐབ་རྩོད་ལ་ཚད་མཐོའི་མཐོང་ཆེན་གནང་ཡོད་དེ། ད་ལོའི་ཚུན་དུ་བཀའ་སློབ་གལ་ཆེན་ཐེངས་མང་པོ་གནང་ཡོད་པ་དང་མངོན་གསལ་གྱི་བླང་བྱ་བཏོན་ཡོད། ལྟ་སྐུལ་སློབ་སྟོན་ཙུའུ་ཡིས་ནན་ཏན་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་ཀྱི་དགོངས་པ་དོན་འཁྱོལ་མཐར་ཕྱིན་བྱེད་དགོས་པ་དང་། བློ་ཕྱོགས་གཏད་མིན་དང་རྒྱལ་སྐྱོང་བདེ་འགོད་ཀྱི་མཐོ་ཚད་ནས་ཆེད་དམིགས་འཐབ་རྩོད་དེ་གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་དང་ཕྱོགས་ཡོངས་བཞི་ཡི་འཐབ་ཇུས་བཀོད་སྒྲིག་ཁྲོད་ཇུས་འགོད་དང་སྐུལ་འདེད་བྱེད་དགོས་ཞེས་བསྟན་པ་རེད།
ཧན་ཡུང་གིས་ནན་བཤད་གནང་དོན། ཀྲུང་དབྱང་གི་ནག་ཚོགས་གཙང་སེལ་ལྟ་སྐུལ་སློབ་སྟོན་ཙུའུ་20པས་ཐེངས་འདིར་ཡུན་ནན་ཞིང་ཆེན་དུ་བཅའ་སྡོད་བྱེད་པའི་གནད་ཆེ་ས་ནི་ཆབ་སྲིད་ཀྱི་ཚུགས་གནས་དང་ ཁྲིམས་ལྟར་ཆད་པ་ནན་མོ་གཅོད་པ། ཕྱོགས་བསྡུས་བཅོས་སྐྱོང་། གཏིང་ཟབ་པའི་སྒོ་ནས་སྔོག་འདོན་ཞིབ་བཤེར། རྩ་འཛུགས་འཛུགས་སྐྱོང་། རྩ་འཛུགས་འགོ་ཁྲིད་སོགས་ཀྱི་ཐད་སྐོར་ནས་ཡུན་ནན་ཞིང་ཆེན་གྱི་ནག་ཚོགས་གཙང་སེལ་ཆེད་དམིགས་འཐབ་རྩོད་ཁྲོད་གནས་ཡོད་པའི་གདན་དོན་དང་ཞན་ཆ་ལྟ་སྐུལ་སློབ་སྟོན་བྱ་རྒྱུ་ཡིན། ཡུན་ནན་ཞིང་ཆེན་གྱི་རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་མི་དམངས་གཙོ་བོར་བྱས་པའི་དར་འཕེལ་བསམ་བློ་བརྟན་པོར་བཙུགས་དགོས་པ་དང་། བློ་ཐག་རྦད་ཆོད་ཀྱིས་ནག་ཚོགས་གཙང་སེལ་གྱི་འཐབ་རྩོད་འདི་ལས་རྒྱལ་ཁ་ཐོབ་དགོས།
ཁྲེང་ཧའོ་ཡིས་ཀྲུང་དབྱང་གི་ནག་ཚོགས་གཙང་སེལ་ལྟ་སྐུལ་སློབ་སྟོན་ཙུའུ་20པས་ཡུན་ནན་ཞིང་ཆེན་དུ་བཅའ་སྡོད་བྱས་ནས་ཆེད་དམིགས་ཀྱི་འཐབ་རྩོད་ལ་ལྟ་སྐུལ་སློབ་སྟོན་སྤེལ་བ་ནི། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ནག་ཚོགས་གཙང་སེལ་གྱི་ཆབ་སྲིད་འགན་འཁྲི་དོན་འཁྱོལ་བྱེད་ཚུལ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནག་ཚོགས་གཙང་སེལ་ཆེད་དམིགས་འཐབ་རྩོད་སྐོར་གྱི་བཀའ་སློབ་གལ་ཆེན་གྱི་དགོངས་པ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་གཏིང་ཟབ་གཏོང་ཚུལ་གྱི་ཆབ་སྲིད་བརྟག་བཤེར་ཐེངས་གཅིག་ཡིན། ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རང་རྟོགས་ཀྱིས་ལྟ་སྐུལ་སློབ་སྟོན་ཙུའུ་ལ་རྒྱབ་སྐྱོར་དང་མཐུན་སྦྱོར་བྱེད་པ་དེ་འདུ་ཤེས་བཞི་དྲག་པོར་གཏོང་བ་དང་ཡིད་རྟོན་བཞི་བརྟན་པོར་གཏོང་བ། སྲུང་སྐྱོང་གཉིས་བསྒྲུབ་པའི་བྱ་སྤྱོད་ཞིབ་ཕྲ་རུ་བྱེད་དགོས་པ་དང་། དངོས་གནས་ཀྱིས་བསམ་བློ་དང་བྱ་སྤྱོད་གཉིས་ཀ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་འགྱུར་བྱེད་དགོས། ནན་ཏན་གྱིས་ལྟ་སྐུལ་སློབ་སྟོན་གྱི་བླང་བྱ་དོན་དུ་འཁྱོལ་དགོས་པ་དང་། རང་རྟོགས་དང་ཁེངས་སྐྱུང་སྒོས་ལྟ་སྐུལ་སློབ་སྟོན་དང་ལེན་བྱེད་དགོས། ནུས་ཤུགས་ཡོད་རྒུས་ཀྲུང་དབྱང་ལྟ་སྐུལ་སློབ་སྟོན་ཙུའུ་ཡི་ལས་ཀ་ལ་རྒྱབ་སྐྱོར་དང་མཐུན་སྦྱོར། འགན་ལེན་བྱེད་དགོས་པ་དང་། ལྟ་སྐུལ་བྱེད་ཞོར་བཅོས་སྒྲིག་བྱེད་པ་དང་འཕྲད་མར་ལག་བསྟར་བྱེད་པར་རྒྱུན་འཁྱོངས་བྱས་ནས། ཆེད་དམིགས་འཐབ་རྩོད་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན་པ།
ཚོགས་འདུའི་ཐོག་ཀྲང་ལི་ཡིས་ལྟ་སྐུལ་སློབ་སྟོན་ལ་མཐུན་སྦྱོར་བྱེད་པ་དང་ལྟ་སྐུལ་བྱེད་ཞོར་བཅོས་སྒྲིག་བྱེད་པ། ཆ་འཕྲིན་ཡོངས་བསྒྲགས། ཆ་རྐྱེན་འགན་ལེན་སོགས་ཀྱི་ལས་ཀ་ལ་བླང་བྱ་བཏོན་པ་རེད།
ཀྲུང་དབྱང་གི་ནག་ཚོགས་གཙང་སེལ་ལྟ་སྐུལ་སློབ་སྟོན་ཙུའུ་20པའི་ཁོངས་མི། ཡུན་ནན་ཞིང་ཆེན་གྱི་ཏང་ཨུ་དང་སྲིང་གཞུང་གི་ཚན་ཁག་ཁོངས་མི་ཚོགས་འདུར་ཞུགས་པ་དང་། ཡུན་ནན་ཞིང་ཆེན་གྱི་སྲིད་གྲོས་ཀྲུའུ་ཞི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ། ཏང་ཨུ་དང་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་མི་སྣ། ཞིང་ཆེན་གྱི་ནག་ཚོགས་གཙང་སེལ་ཆེད་དམིགས་འཐབ་རྩོད་འགོ་ཁྲིད་ཚོ་ཆུང་གི་ཁོངས་ཞུགས་སྡེ་ཚན་དང་ཁུན་མིང་གྲོང་ཁྱེར་གྱི་འགན་ཁུར་བ་ཚོགས་འདུར་ཟུར་ཞུགས་བྱས། ཁུལ་དང་གྲོང་ཁྱེར། རྫོང་། ཆུས་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ་དང་། འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་མི་སྣ་རང་ས་གནས་སུ་བརྙན་རིས་བརྒྱུད་ནས་ཚོགས་འདུར་ཟུར་ཞུགས་བྱས་པ་རེད།
བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཀུའུ་ཁུན་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཆི་ཅན་ཞིན་སོགས་ཀྱི་འགོ་ཁྲིད་དང་། ཁུལ་རིམ་པའི་སྡེ་ཚན་ཁག་གི་འགན་ཁུར་མི་སྣས་བདེ་ཆེན་ཡན་ལག་ཚོགས་རར་བརྙན་རིས་ཚོགས་འདུ་ལ་ལྟ་བ་དང་། རྫོང་དང་གྲོང་ཁྱེར་གསུམ་དང་གསར་སྤེལ་ཆུས་བཅས་སུ་ཡན་ལག་ཚོགས་ར་བཙུགས་ཡོད་པ་རེད།