རྩོམ་པ་པོ།     ཡིག་བསྒྱུར།    ཚེ་རིང་སྒྲོལ་མ།    དུས་ཚོད།   2019-04-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན། ཁུལ་ཡོངས་ཀྱི་དྲིལ་བསྒྲགས་པུའུ་ཀྲང་གི་ཚོགས་འདུ་འཚོགས་པ་དང་རང་ཁུལ་གྱི་2019ལོའི་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་ཀ་ལ་བཀོད་སྒྲིག་བྱས།
ཚོགས་འདུའི་ཐོག་བསྟན་དོན། ཁུལ་ཡོངས་ཀྱི་དྲིལ་བསྒྲགས་པུའུ་ཀྲང་གི་ཚོགས་འདུ་འཚོགས་པ་ནི་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་དྲིལ་བསྒྲགས་པུའུ་ཀྲང་གི་ཚོགས་འདུའི་དགོངས་པ་དང་། ཀྲུང་དབྱང་དང་ཞིང་ཨུ། ཁུལ་ཨུའི་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་ལེགས་པར་བསྒྲུབ་པར་སྐོར་གྱི་ཐབས་ཇུས་དང་བཀོད་སྒྲིག་དོན་འཁྱོལ་མཐར་ཕྱིན་བྱེད་པ་དང་། སྔར་ལས་ལྷག་པར་དྲིལ་བསྒྲགས་ཀྱི་བསམ་བློ་གཅིག་འགྱུར་བྱེད་པ། ངོས་འཛིན་མཐོ་འདེགས་གཏོང་བ། ཁུལ་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་ཀ་སྐེད་རིམ་གསར་པར་བསྐྱོད་པར་སྐུལ་འདེད་གཏོང་བའི་ཆེད་དུ་ཡིན།
ཚོགས་འདུའི་ཐོག་འབྲེལ་ཡོད་འགན་ནུས་སྡེ་ཚན་ཁག་གིས་རིག་གནས་དང་ཡུལ་སྐོར་གྱི་ལས་ཀ་ལ་ལྟ་སྐུལ་སློབ་སྟོན་བྱེད་ཤུགས་ཆེར་གཏོང་དགོས་པ་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཟབ་འཇུག་ལ་སྐུལ་འདེད་གཏོང་དགོས། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་གླེང་ཕྱོགས་འཁྲིད་སྟོན། རིན་ཐང་གི་ཁ་གཏད་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་པ་དང་།ནུས་ཤུགས་ཡོད་རྒུས་གསར་འགྱུར་པར་སྐྲུན་དང་གཡེམ་འཆལ་ཁྲིམས་འགལ་ལ་རྡུང་རྡེག་ལ་སྐུལ་འདེད་གཏོང་དགོས། རྒྱང་བསྒྲགས་བརྙན་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་དང་བདེ་འཇགས་ངང་གཏོང་བ། བབ་བསྟུན་རྒྱང་བསྒྲགས། རུ་ཁག་འཛུགས་སྐྱོང་སོགས་ལ་ཤུགས་སྣོན་རྒྱག་དགོས་པ་དང་། དྲ་ཐོག་གི་དྲང་ཕྱོགས་དྲིལ་བསྒྲགས་དང་གླེང་ཕྱོགས་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་དགོས། ནུས་ཤུགས་ཡོད་རྒུས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་དྲིལ་བསྒྲགས་སློབ་གསོ་བྱེད་སྒོ་ལེགས་པར་བསྒྲུབ་དགོས་པ་དང་། སྲོལ་རྒྱུན་སྨྱན་སྦྱོར་དང་སྨྱན་སྦྱོར་གསར་པའི་མཉམ་འདྲེས་ཟབ་འཇུག་ལ་ཤུགས་སྣོན་རྒྱག་དགོས། སློབ་སྦྱོང་སྟོབས་ལྡན་རྒྱལ་ཁབ་ཞེས་པའི་སློབ་སྦྱོང་སྟེགས་བུའི་ཁྱབ་སྤེལ་དང་བེད་སྤྱོད་བྱེད་ཤུགས་ཆེར་གཏོང་དགོས་པ་དང་། ཤུགས་བཞི་ཞེས་པའི་སློབ་གསོ་ལག་ལེན་ཟབ་ཏུ་སྤེལ་དགོས་ཞེས་པའི་བླང་བྱ་བཏོན་པ་རེད།
ཁུལ་ཨུའི་རྒྱུན་ཨུ། ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ལིའུ་རུང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་།