རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-04-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཏང་ཡོངས་སྐུལ་སློང་དང་། དམངས་ཡོངས་ཀྱིས་ཤེས་རྟོགས་ཐུབ་པ། སྤྱི་ཚོགས་ཡོངས་ཞུགས་པ་བཅས་ཀྱི་ནག་ཚོགས་གཙང་སེལ་གྱི་རྣམ་པ་ཞིག་བཏོད་ནས་རྡུང་རྡེག་གི་མཉམ་ཤུགས་ཆེན་པོ་ཞིག་ཆགས་ཕྱིར། ཟླ4པའི་ཚེས1ཉིན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་དུས་རབས་གསར་པའི་དྲིན་ཚོར་སློབ་གསོ་དང་བཅའ་ཁྲིམས་ཤེས་བྱ་བདུན་སྤེལ་བའི་བྱེད་སྒོ་དང་ནག་ཚོགས་གཙང་སེལ་གྱི་ཆེད་དོན་འཆད་ཁྲིད་དེ་གྲོང་ཁྱེར་སྲིད་འཛིན་ལྟེ་གནས་སྙན་ཞུ་ཐིང་དུ་སྤེལ་བ་རེད། ལས་བྱེད་པ་དང་ལས་བཟོ་བ240ལྷག་གིས་ཐེངས་འདིའི་འཆད་ཁྲིད་ལ་ཉན་ཡོད།
འཆད་ཁྲིད་ནང་། གྲོང་ཨུ་ཏང་གི་སློབ་གྲྭའི་མཐོ་རིམ་འཆད་ཁྲིད་དགེ་རྒན་དབྱང་ཅུས་ཀོང་གིས་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་ཏང་ཀྲུང་དབྱང་གིས་ནག་ཚོགས་གཙང་སེལ་གྱི་ཆེད་དོན་འཐབ་རྩོད་ཀྱི་རྒྱབ་ལྗོངས་དང་། དམིགས་ཡུལ། དོན་སྙིང་བཅས་ངོ་སྤྲོད་མདོར་བསྡུས་བྱས་པ་དང་།ནག་ཚོགས་གཙང་སེལ་གྱི་འབྲེལ་ཡོད་བཅའ་ཁྲིམས་ཤེས་བྱ་གསལ་འགྲེལ་བྱས་ནས། ནག་ཚོགས་གཙང་སེལ་དང་ནག་རྡུང་གཤེད་བཅོམ་གྱི་ནང་དོན་དང་བླང་བྱའི་འགྱུར་ལྡོག་ཐད་དབྱེ་ཞིབ་བྱས་ལ། ནག་གཤེད་ཉེས་གསོག་གི་གཙོ་གནད་རྡུང་རྡེག་གཏོང་ཡུལ་དང་བྱ་སྤྱོད་སོགས་ཀྱི་ནང་དོན་ངོ་སྤྲོད་བྱས་པ་རེད།
དགེ་རྒན་ཁོང་གིས་ལྷན་རྒྱས་ལ་གསོ་རླུང་གིས་མི་འདང་རུང་སྙིང་སྟོབས་ཆད་མི་རུང་བ་དང་། དཀའ་ངལ་ཤེས་བཞིན་དུ་མདུན་སྐྱོད་བྱེད་དགོས། དམངས་ཡོངས་ཞུགས་ནས་ནག་ཚོགས་གཙང་སེལ་གྱི་ཆེད་དོན་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་ཤིང་། སེམས་ཀྱི་ཉི་ཟླར་སྲུང་སྐྱོང་ཡག་པོ་བཅས་བྱེད་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད། འཆད་ཁྲིད་མཇུག་འགྲིལ་རྗེས་མི་སྣ་ཚང་མ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ནག་ཚོགས་གཙང་སེལ་གྱི་ཆེད་དོན་འཐབ་རྩོད་ཀྱི་རྨང་གཞིའི་ཤེས་བྱར་སློབ་སྦྱོང་བྱེད་པའི་བྱེད་སྒོའི་ནང་ཞུགས་ཡོད།
ཚོགས་ཞུགས་མི་སྣས་ད་ཐེངས་ཀྱི་འཆད་ཁྲིད་ཀྱི་ནང་དོན་ཕུན་སུམ་ཚོགས་པ་དང་དོན་སྙིང་ལྡན་པ་ཞིག་རེད། ནག་ཚོགས་གཙང་སེལ་གྱི་ཆེད་དོན་འཐབ་རྩོད་བྱེད་སྒོར་ངོས་འཛིན་དེ་བས་གསལ་བ་དང་གཏིང་ཟབ་བྱུང་བས་ནག་ཚོགས་ཀྱི་སྟོབས་ཤུགས་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་ཕྱིན་ཡོད་ཅེས་བཤད་པ་རེད། ཚོགས་འདུ་གྲོལ་རྗེས་འཆད་ཁྲིད་ཀྱི་ནང་དོན་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས་བསམ་བློ་དང་བྱ་སྤྱོད་དེ་ཀྲུང་དབྱང་དང་། ཞིང་ཆེན། ཁུལ། གྲོང་ཁྱེར་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ། ནག་ཚོགས་གཙང་སེལ་གྱི་ཆེད་དོན་འཐབ་རྩོད་དེ་ཐོག་མཐའ་བར་གསུམ་དུ་ཁྲིམས་སྐྱོང་ལམ་བུའི་ཐོག་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་པ་དང་། བྱ་སྤྱོད་ངོ་མའི་ཐོག་ནས་གྲོང་ཁྱེར་ཡོངས་ཀྱི་ནག་ཚོགས་གཙང་སེལ་གྱི་ཆེད་དོན་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བསྟན་ཡོད།