ཐ་སྙད本དང苯གཉིས་ལས་གང་ཞིག་སྤྱོད་བདེ་བར་དཔྱད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-04-04   རྩོམ་ཁུངས།    ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་ཁང་།


     མདོ་དབུས་མཐོ་སྒང་གི་རང་སའི་ཆོས་ལུགས་བོན་བསྟན་གྱི་རྒྱ་འགྱུར་ཐ་སྙད་ལ་འབྲི་སྲོལ་མང་པོ་ཞིག་བྱུང་མྱོང་སྟེ། དཔེར་ན། 锛教དང笨教། 黑教本教苯教བཅས་སོ། དེ་ལས་锛教ནི་མིའི་རིགས་རིག་པ་བ་མཱ་ཁྲང་ཧྲོའུ(马长寿)ཡིས་མིང་གོའི་སྐབས་སུ་སྤྱོད་འགོ་བརྩམས། འོན་ཀྱང་རིག་གཞུང་ཞིབ་འཇུག་གི་ཁྲོད་དུ་དེ་ལ་ཁས་ལེན་མ་ཐོབ། 笨教ནི་དུས་རབས་ཉི་ཤུ་པའི་དུས་མཇུག་ཏུ་རྒྱ་ཡིག་གི་ལམ་ནས་རྩོམ་འབྲི་བྱེད་མཁན་གྱི་བོད་རིགས་ཞིབ་འཇུག་པ་ཁ་ཤས་ཀྱིས་སྤྱོད་འགོ་བརྩམས་ཀྱང་། ཐ་སྙད་དེ་ཕྱོགས་ཞེན་གྱི་དབང་དུ་སོང་དྲག་པས་ཡུན་རིང་མ་འགོར་བར་སྤྱོད་མཚམས་བཞག དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པར་བཅོས་བསྒྱུར་སྒོ་འབྱེད་བྱས་པ་དང་ལྷན་དུ་རང་རྒྱལ་གྱི་བོད་རིག་པའི་ཞིབ་འཇུག་གི་ལས་དོན་ལ་འཕེལ་རྒྱས་ཆེན་པོ་བྱུང་། སྐབས་དེར་བོན་པོའི་བླ་གྲྭ་ནང་དུ་རྒྱ་ཡིག་གིས་བོན་བསྟན་སྐོར་བྲིས་པའི་རྩོམ་ཡིག་བྱུང་མེད་ན་ཡང་། རིག་གཞུང་ཞིབ་འཇུག་གི་ཁྲོད་དུ本教ཞེས་པའི་ཐ་སྙད་སྤྱད་དེ་མདོ་དབུས་མཐོ་སྒང་གི་རང་སའི་ཆོས་ལུགས་བོན་བསྟན་ལ་དཔྱད་བརྗོད་སྤེལ་བ་རྒྱུགས་ཆེ་ལ་ཁོ་བོ་ཡང་དེའི་གྲས་ཡིན།

     དུས་མཚུངས་སུ苯教སྤྱོད་མཁན་ཡང་ཁ་ཤས་བྱུང་ཡོད། ཡིན་ན་ཡང་། ཞིབ་འཇུག་གཏིང་ཇེ་ཟབ་ཏུ་སོང་བ་དང་བསྟུན་ནས་རྒྱ་ཡིག་སྟེང་ནས་བོན་བསྟན་ལ་དཔྱད་བརྗོད་སྤེལ་བའི་སྐབས་སུ་ཚིག་ཚོགས་དང་གོ་དོན་གྱི་རྙོག་འཛིང་ཇེ་ཆེར་གྱུར་ཏེ། རྒྱ་ཡིག་གི本教བྱ་བའིལ་མཚོན་དོན་མང་པོ་ཞིག་ཡོད་པས་ཚིག་ཚོགས་མང་པོའི་སྐབས་དང་ཚིག་གྲོགས་སྦྱར་བའི་སྐབས་སུ་དེའི་གོ་དོན་ལོག་སླ་བའི་གནས་ཚུལ་ཤིན་ཏུ་མང་པོ་བྱུང་། དེའི་རྒྱུ་མཚན་གྱིས་རིག་གཞུང་ཞིབ་འཇུག་གི་ཁྱབ་ཁོངས་སུ་རིམ་བཞིན本教ཞེས་པའི་ཐ་སྙད་དེ་སྤྱོད་མཚམས་བཞག་སྟེ་苯教ཞེས་པའི་ཐ་སྙད་སྤྱོད་མཁན་ཇེ་མང་དུ་གྱུར། དེང་དུས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ཆུ་ཚད་མཐོ་ཤོས་མཚོན་བྱེད་ཀྱི་རིག་གཞུང་དུས་དེབ《ཀྲུང་གོ་བོད་རིག་པ》དང་འབྲེལ་ཡོད་ཀྱི་སློབ་གྲྭ་ཆེན་མོ་ཁག་གི་རིག་གཞུང་དུས་དེབ། རྒྱལ་ཁབ་རིམ་པའི་གསར་འགྱུར་ལས་ཁུངས་གཙོ་བོ་སོགས་ཀྱིས་གཅིག་གྱུར་གྱི་སྒོ་ནས苯教ཞེས་པའི་ཐ་སྙད་དེ་སྤྱོད་བཞིན་ཡོད། ཡིན་ནའང་། རྒྱ་ཡིག་གིཞེས་པའི་ཐ་སྙད་དེ་ལ་མ་གཞི་དང་རང་ས་ཞེས་པའི་ནང་དོན་ལྡན་པ་དང་། བོན་བསྟན་ནི་མདོ་དབུས་མཐོ་སྒང་གི་རང་སའི་ཆོས་ལུགས་ཡིན་པས། རྒྱ་ཡིག་ཤེས་པའི་བོན་པོའི་བླ་གྲྭ་ཁ་ཤས་སྔར་བཞིན本教ཞེས་པའི་ཐ་སྙད་སྤྱད་དེ་བོན་བསྟན་མཚོན་པར་དགའ། དེ་བས། དེང་དུས་རིག་གཞུང་ཞིབ་འཇུག་གི་ཁྱབ་ཁོངས་དང་སྲིད་གཞུང་གི་གསར་འགྱུར་ལས་ཁུངས་སོགས་སུ苯教ཞེས་པའི་ཐ་སྙད་སྤྱོད་ཅིང་། བོན་གྱི་བླ་གྲྭ་ཁ་ཤས་ཀྱིས་སྔར་བཞིན本教ཞེས་པའི་ཐ་སྙད་སྤྱོད་བཞིན་པའི་གནས་ཚུལ་བྱུང་།

     རྒྱ་ཡིག་གི་ཐ་སྙད苯(锛、笨、本)བྱ་བ་ནི་བོད་ཡིག་གི་བོན་བྱ་བ་སྒྲ་སྒྱུར་བྱས་པ་ཡིན་པ་ཀུན་གྱིས་མཁྱེན་གསལ་ལྟར་རེད། ཐ་སྙད་གང་ཞིག་ཡིན་ནའང་ཡིག་རིགས་གཞན་ཞིག་ཏུ་སྒྲ་སྒྱུར་བྱས་པའི་ཚེ་དེ་ལ་གོ་དོན་ཅི་ཡང་མེད་པས། སྒྲ་སྒྱུར་གྱི་ཡི་གེ་གང་སྤྱད་ཀྱང་དོན་དམ་དུ་ནོར་འཁྲུལ་ཅི་ཡང་མེད་པ་ཐག་ཆོད་རེད། ཡིན་ན་ཡང་། དེ་བཀོལ་སྤྱོད་ཀྱི་སྟབས་བདེ་མིན་དང་གོ་དོན་ཇི་བཞིན་མཚོན་ཐུབ་མིན་ལ་ཁྱད་པར་ཅུང་ཟད་ལྡན་པ་ཡང་མངོན་གསལ་རེད། ཁོ་བོས་ཀྱང་ཆེས་ཐོག་མའི་རིག་གཞུང་དཔྱད་རྩོམ་ནང་དུ本教ཞེས་པའི་ཐ་སྙད་སྤྱད་ཡོད། དེའི་རྒྱུ་མཚན་ནི་དེང་སང་རྒྱ་ཡིག་འབྲི་བཞིན་པའི་བོན་པོའི་བླ་གྲྭ་རྣམས་ཀྱི་དགོངས་པ་དང་གཅིག་མཚུངས་ཡིན་ཏེ། ཞེས་པའི་ཐ་སྙད་ལ་མ་གཞི་དང་རང་སའི་དོན་དང་ལྡན་པ་དེ་ལ་དམིགས་པ་ཡིན་ནོ། འོན་ཀྱང་ཕྱིས་སུ་ཐ་སྙད་དེ་བེད་སྤྱོད་གཏོང་བའི་བརྒྱུད་རིམ་ཁྲོད་དུ། ཞེས་པའི་ཐ་སྙད་དེ་ལ་གོ་འཛོལ་འབྱུང་སླ་བ་དང་ཚིག་གྲོགས་སྦྱར་ནས་ཆོས་ལུགས་རིག་གནས་ཀྱི་སྲོལ་རྒྱུན་ཞིག་གི་མིང་དུ་ཆགས་པ་ལ་སྟབས་བདེ་མིན་པའི་འགལ་རྐྱེན་གང་མང་ལ་ཐུག་པས། དེའི་རྗེས་སུཞེས་པའི་ཐ་སྙད་དེ་མི་སྤྱོད་ཐབས་མེད་བྱུང་། ཁོ་བོའི་དཔྱད་རྩོམ་ཞིག་གི་ཟུར་མཆན་དུ་དེ་ལ་དམིགས་བསལ་དུ་འགྲེལ་བཤད་བསྡུས་པ་ཞིག་བྱས་ཡོད།

     སྤྱིར་བཏང་དུ། སྐད་རིགས་གཞན་ཞིག་གི་ཐ་སྙད་སྤྱད་ནས་ལོ་རྒྱུས་ཡུན་རིང་ལྡན་པའི་ཆོས་ལུགས་རིག་གནས་ཀྱི་སྲོལ་རྒྱུན་ཞིག་ལ་མིང་བཏགས་ན། ཆ་རྐྱེན་ཁ་ཤས་འཛོམས་དགོས་ཏེ། དང་པོ། ཁ་གསལ་ཞིང་གོ་སླ་བ། གཉིས་པ། གོ་འཛོལ་མི་འབྱུང་བ། གསུམ་པ། ཚིག་གྲོགས་སྦྱོར་བདེ་བ། ཚད་གཞི་དེ་ལྟརདངཞེས་པའི་ཐ་སྙད་འདི་གཉིས་ཀ་ལ་དཔྱད་པ་ཞིག་བཏང་ན།

     དང་པོ།  དངགཉིས་ཀ་ཁ་གསལ་ཞིང་གོ་སླ་བས་ཆ་རྐྱེན་དང་པོ་འཛོམས་ཡོད་པ་སྨོས་མ་དགོས།

     གཉིས་པ། ཐ་སྙདབྱ་བའི་གོ་དོན་ནི་ཉེ་རིང་སྟོན་པའི་འདི་སྒྲ་དང་། མ་གཞིའམ་དང་ཐོག་བཅས་པ་ཡིན་ལ། ལྷག་པར་དུ་འདི་སྒྲའི་དོན་ལ་གོ་བའི་སྐབས་ཤིན་ཏུ་མང་། དེ་བས་རྒྱ་ཡིག་གི་ཁྲོད་དུ་འདི་སྒྲའི་གོ་དོན་དུ་སྤྱོད་རྒྱུགས་ཤིན་ཏུ་ཆེ་བའི་ཐ་སྙད་ཅིག་བོན་བསྟན་གྱི་མིང་དུ་བཏགས་ན་གོ་འཛོལ་འབྱུང་བའི་ཉེན་ཁ་ཤིན་ཏུ་ཆེ་སྟེ། དཔེར་ན། འདི་སྒྲའི་གོ་དོན་ལྟར་ན本教ཞེས་པ་ནི་ཆོས་ལུགས་འདི་ཞེས་པར་གོ་དགོས། དེའི་ཕྱིར། ཐུབ་བསྟན་སྐོར་གྱི་ཚིག་སྦྱོར་སྤེལ་བའི་སྐབས་སུ本教ཞེས་བྱུང་ན་ཐུབ་བསྟན་ལ་གོ་དགོས་པ་དང་། ཡེ་ཤུའི་ཆོས་ལུགས་སྐོར་གྱི་ཚིག་སྦྱོར་སྤེལ་བའི་སྐབས་སུ本教ཞེས་བྱུང་ན་དེ་ཡེ་ཤུའི་ཆོས་ལུགས་ལ་གོ་དགོས། དབྱི་སི་ལམ་ཆོས་ལུགས་སྐོར་གྱི་ཚིག་སྦྱོར་སྤེལ་བའི་སྐབས་སུ本教ཞེས་བྱུང་ན་དེ་དབྱི་སི་ལམ་ཆོས་ལུགས་ལ་གོ་དགོས་པ་ཀུན་གྱིས་ཤེས། 本教ཞེས་པའི་ཐ་སྙད་དེ་ཆོས་ལུགས་འདི་ཞེས་པར་གོ་བ་ལེན་པའི་རྨང་གཞིའི་སྟེང་ནས་རིགས་འགྲེས་ན། རྒྱ་ཡིག་སྟེང་དུ本教文化དང་本教文献། 本教大师། 本教历史ཞེས་བྱུང་ན། དེའི་གོ་དོན་ནི་བོན་བསྟན་གྱི་རིག་གནས་དང་། བོན་བསྟན་གྱི་ཡིག་ཆ། བོན་བསྟན་གྱི་མཁས་དབང་། བོན་བསྟན་གྱི་ལོ་རྒྱུས་ཞེས་པར་གོ་ཆོག་པ་མ་ཟད། ད་རུང་བསྟན་པ་འདིའི་རིག་གནས་དང་། བསྟན་པ་འདིའི་ཡིག་ཆ། བསྟན་པ་འདིའི་མཁས་དབང་། བསྟན་པ་འདིའི་ལོ་རྒྱུས་སོགས་སུའང་གོ་ཆོག་པ་ཀུན་གྱིས་མཁྱེན་གསལ་ལྟར་རེད།

     འདི་དང་འདི་འདྲ་བའི་གོ་འཛོལ་འབྱུང་སླ་བའི་དཔེར་བརྗོད་བགྲང་གིས་མི་ལང་བ་ཡོད་པས། 本ཞེས་པའི་ཐ་སྙད་འདིའི་གོ་དོན་སྣ་མང་ནང་གི་གང་ལ་གོ་དགོས་པའི་སྐོར་ནས་ཀློག་པ་པོ་རྣམས་སོམ་ཉིའི་དྲ་རུ་ཚུད་ངེས་པས་ན། གོ་དོན་ཁ་གསལ་བོར་བརྗོད་པ་ལ་རྔོ་མི་ཐོགས་པར་སྣང་། ད་དུང本佛ཞེས་བྱུང་བའི་སྐབས་སུ། རྒྱ་ཡིག་སྟེང་ནས་བོན་བསྟན་དང་ཐུབ་བསྟན་ཞེས་པར་གོ་ཆོག་ལ། སངས་རྒྱས་འདི་ཞེས་པར་ཡང་གོ་ཆོག་སྟེ། 本ཞེས་པ་ནི་འདི་སྒྲ་ལ་འཇུག་པས་སོ། ། མདོར་ནཞེས་པ་དེ་གོ་དོན་ཤིན་ཏུ་མང་ཞིང་འཚོ་བའི་ཁྲོད་དུ་དུས་རྒྱུན་དུ་སྤྱོད་པའི་རྒྱ་སྐད་ཀྱི་ཐ་སྙད་ཅིག་ཡིན་པས་བོན་བསྟན་གྱི་མིང་དུ་བཏགས་ན་གོ་འཛོལ་འབྱུང་སླ་བའི་སྐབས་ཀྱང་ཤིན་ཏུ་མང་ངོ་། དེ་ལས་ལྡོག་སྟེ། ཞེས་པའི་ཐ་སྙད་ལ་གོང་གི་འགལ་རྐྱེན་དེ་དག་མེད་དེ།ནི་རྩྭ་ལྡུམ་རིགས་ཤིག་གི་མིང་ཡིན་པ་《ཡི་གེའི་རྣམ་བཤད》ལས་རྩྭ་ཚོགས་ཞེས་བྱུང་ཞིང་། (《說文》:叢草也) དང་། 《ཀྲང་ཧིན་གྱི་ཞི་ཅིང་སྙན་ངག》ལས་རྩྭ་ཚོགས་རྒྱས་པ། (《張衡·西京賦》:苯䔿蓬茸) དང་། 《ཧན་ཡུས་སྙན་ངག》ལས་རྩྭ་རྩི་ཤིང་རྒྱས་པ(《韓愈詩》:草木森苯䔿)  ཞེས་གསལ། དེ་མ་ཟད། འདིར་སྨོས་ཟིན་པའི་རྩ་ཚོགས་ལ་འཇུག་པའིགྱི་གོ་དོན་དེ་དེང་རབས་ཀྱི་རྒྱ་ཡིག་ལྟ་ཅི། རྒྱའི་གནའ་ཡིག་ཏུའང་བེད་སྤྱོད་བྱེད་པ་ཤིན་ཏུ་དཀོན་པའི་ཐ་སྙད་ཅིག་རེད། དེང་རབས་རྒྱ་ཡིག་གི་རྫས་འགྱུར་རིག་པའི་ཐ་སྙད་ཀྱི་ཁྲོད་དུ། ནི་འདྲེས་སྦྱོར་བྱས་པའི་རྫས་ཤིག་ལ་གོ་བ་དེ་དབྱིན་ཡིག benzene བྱ་བའི་སྒྲ་སྒྱུར་ཡིན་ཞིང་རྫས་འགྱུར་གྱི་ཐ་སྙད་དེའང་དུས་རྒྱུན་བེད་སྤྱོད་བྱེད་པ་ཤིན་ཏུ་ཉུང་། མདོར་ན། དེང་རབས་རྒྱ་ཡིག་གི་རྒྱུན་སྤྱོད་མིང་ཚིག་ཏུ ཞེས་པའི་ཐ་སྙད་དེ་བེད་སྤྱོད་ཤིན་ཏུ་ཉུང་ཞིང་གོ་དོན་མང་པོ་མེད་པས་གཞན་དང་གོ་འཛོལ་འབྱུང་བའི་གོ་སྐབས་ཀྱང་ཤིན་ཏུ་ཉུང་བ་ཤེས་སླ།  དུས་ཚོད་ངེས་ཅན་ཞིག་ལ་བེད་སྤྱོད་བཏང་སྟེ་རྒྱུན་འབྱམས་སུ་ཆགས་རྗེས་ཡི་གེ་འདི་མཐོང་མ་ཐག་ཏུ་བོན་བསྟན་བློ་ངོར་འཆར་སྲིད། ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་བེད་སྤྱོད་བྱས་རྗེས་སུ། ད་ལྟ་ཡི་གེ་དེ་ལ་རྒྱ་ཡིག་སྟེང་ནས་རང་བཞིན་གྱིས་བོན་བསྟན་སྟོན་པའི་ནུས་པ་དང་ལྡན་པ་ཞིག་ཏུ་ཆགས་ཡོད། དཔེར་ན། ཡུལ་དུས་ངེས་མེད་དུཞེས་པའི་ཐ་སྙད་མཐོང་མ་ཐག་ཏུ་མི་རྣམས་ཀྱི་ཡིད་ལ་ཐུབ་པའི་བསྟན་པ་དང་སྟོན་པ་ཤཱཀྱ་ཐུབ་པ་དྲན་ཡོང་སྲིད་པས། སྒྲ་སྒྱུར་གྱི་ཐ་སྙད་གོ་འཛོལ་མི་འབྱུང་བ་དེ་ལྟ་བུས་ཐུབ་པའི་བསྟན་པ་ཡར་རྒྱས་དང་གོང་འཕེལ་གཏོང་བར་ཕན་ཆེན་པོ་ཐོགས་ཡོད་པར་གདོན་མི་ཟའོ། ཐ་སྙད་དེ་ཡི་གེ་གཞན་དང་སྦྱར་ནས་མིང་ཚིག་གསར་བ་གྲུབ་ཀྱང་གོ་འཛོལ་མི་འབྱུང་སྟེ། དཔེར་ན། རྒྱ་ཡིག་སྟེང་ནས佛僧དང佛书སོགས་ཀྱི་གོ་དོན་གཞན་ལ་འགྱུར་ཉེན་མེད་པ་དེ་ལྟ་བུའོ། དེ་བཞིན་དུ་བོན་བསྟན་ལའང་བྱེད་ནུས་དེ་འདྲ་ལྡན་པའི་རྒྱ་ཡིག་གི་མིང་ཞིག་དགོས་པ་ལས་གོ་འཛོལ་འབྱུང་སླ་བའི་ཐ་སྙད་ཅིག་གིས་མིང་བཏགས་ན་བོན་བསྟན་ཡར་རྒྱས་དང་གོང་འཕེལ་དུ་འགྲོ་བ་ལ་མཐུན་རྐྱེན་ལས་འགལ་རྐྱེན་ཆེ། གོ་འཛོལ་མི་འབྱུང་བའི་མིང་ཞིག་ཡོད་ན་བོན་གྱི་བསྟན་པའི་འཕེལ་རྒྱས་དང་། ཞིབ་འཇུག དཔྱད་བརྗོད་སོགས་ལ་ཕན་ཐོགས་ཆེ། རྒྱ་ཡིག་གིཞེས་པའི་ཐ་སྙད་དེ་ལ་གོ་དོན་མང་བ་མ་ཟད་གོ་དོན་མི་མཐུན་པ་དེ་དག་དེང་རབས་ཀྱི་འཚོ་བའི་ནང་དུ་རྒྱུན་སྤྱོད་བྱེད་དྲག་པས་གོ་བ་མི་འཛོལ་བའི་བྱེད་ནུས་ནམ་ཡང་ལྡན་མི་སྲིད། མི་རྣམས་ཀྱིསཞེས་པའི་ཐ་སྙད་དེ་མཐོང་མ་ཐག་ཏུ་མ་གཞི་དང་རང་ས་དང་བཅས་པའི་གོ་དོན་མང་པོའི་ནང་ནས་གང་ལ་གོ་དགོས་པར་མ་ཤེས་ནས་མགོ་འཐོམ་པ་མ་གཏོགས་བོན་བསྟན་ལ་གོ་མི་ཐུབ། རྒྱ་ཡིག་གི་ཀློག་པ་པོ་མང་ཤོས་ནི་རྒྱ་རིགས་ཡིན་པས་ཁོ་ཚོས་གོང་སྨོསཞེས་པའི་ཐ་སྙད་དེའི་རྒྱ་ཡིག་གི་གོ་དོན་རྟོགས་ཀྱང་། རྒྱ་རིགས་ཀློག་པ་པོ་མང་ཤོས་བོད་ཀྱི་རིག་གནས་ལ་ཆ་རྒྱུས་མེད་པས་བོད་དུ་ཁྱབ་རྒྱ་ཆེན་པོ་མེད་པའི་ཆོས་ལུགས་ཀྱི་སྲོལ་རྒྱུན་ཞིག་ལའང་ཡི་གེ་འདི་སྤྱོད་བཞིན་པ་ཤེས་མཁན་ཤིན་ཏུ་དཀོན། ཁོ་རང་ཚོས་བྱིས་པའི་སྐབས་ནས་བཟུང་སྟེཞེས་པའི་ཐ་སྙད་དེ་སྦྱང་དུས原本དང本来本土། 本草། 本体། 本分 根本སོགས་ཀྱི་གོ་དོན་མ་གཏོགས་སྦྱང་མེད་པའི་རྐྱེན་གྱིས་དེའི་བག་ཆགས་གཏིང་ཟབ་པས། བོན་བསྟན་ལ་ཆ་རྒྱུས་ཡོད་མཁན་ཉུང་ཤོས་ཙམ་མ་གཏོགས་དེ་བྱིངས་རྣམས་ལ་གོ་ལོག་སྟེར་བའི་ཉེན་ཁ་ཤིན་ཏུ་ཆེ།

     གསུམ་པ། ཆོས་ལུགས་ཤིག་དང་རིག་གནས་ཀྱི་སྲོལ་རྒྱུན་ཞིག་ལ་ཆ་བཞག་ན། དེ་ལ་མིང་འོས་འཚམ་ཞིག་ཡོད་པ་ཙམ་གྱིས་མི་ཆོག་པར། མིང་དེ་ལ་ཚིག་གྲོགས་གཞན་དང་སྦྱར་ནས་མིང་ཚིག་གསར་པ་གྲུབ་སྟེ་རིག་གནས་ཀྱི་དོན་སྤྱི་གསར་པ་ཆགས་ཐུབ་པའི་བྱེད་ནུས་ལྡན་དགོས། 本教ཞེས་པའི་ཐ་སྙད་དེ་རང་གི་དོན་ཡང་གསལ་པོ་མིན་པས། ཚིག་གྲོགས་གཞན་དང་སྦྱར་ན་གོ་དོན་དེ་བས་ཀྱང་ཉོག་འགྲོ 佛学ཞེས་པའི་མིང་ཚིག་འདི་ལ་ཆ་བཞག་ན། འདི་སྔ་མོ་ནས་ཐུབ་བསྟན་ལ་ཞིབ་འཇུག་བྱེད་པའི་རིག་ཚན་ཞིག་ཏུ་གྱུར་ཡོད་དེ། ཤེས་བྱའི་སྒྲོམ་གཞི་འཐུས་ཚང་བ་དང་རིག་གཞུང་གི་ཐབས་ལམ་ཚད་དང་ལྡན་པ་ཡོད། དེང་སང་བོན་བསྟན་སྐོར་གྱི་ཞིབ་འཇུག་ཀྱང་འཕེལ་རྒྱས་བྱུང་ཡོད་པས། དེ་ལ་དེ་མཐུན་གྱི་རིག་ཚན་གྱི་མ་ལག་ཆགས་དགོས་རྒྱུ་ནི་ཁ་ཚ་དགོས་གཏུགས་རེད། བསྟན་པ་གྲགས་ཅན་རྣམས་ལ་དེའི་སྐོར་ཞིབ་འཇུག་བྱེད་པའི་ཚན་རིག་གི་རིག་ཚན་ཆགས་ཡོད་པ་དཔེར་ན། ཐུབ་བསྟན་རིག་པ་ལ佛学དང་། དབྱི་སི་ལམ་རིག་པ་ལ伊斯兰学བཅས་སོ། བོན་བསྟན་ལ་ཡང་དེ་ཞིབ་འཇུག་བྱེད་པའི་རིག་ཚན་མ་ལག་ཆགས་དགོས་ན། གདགས་གཞི་དེ་མཚོན་ནུས་པའི་མིང་ཚིག་གསར་པ་ཞིག་ཀྱང་ཡོད་དགོས། དེ་ན本学ཞེས་བཏགས་ན་རིག་ཚན་འདི་(这个学科)དང་མ་གཞིའི་རིག་ཚན(本来的学科)ཞེས་པའི་དོན་གཉིས་སུ་འཛོལ་འགྲོ་བ་ལས་བོན་རིག་པ་ཞེས་པའི་ནང་དོན་ལ་གོ་རྒྱུ་ཤིན་ཏུ་དཀའ། རྒྱ་ཡིག་གི་དཔྱད་བརྗོད་དང་ལབ་གླེང་གང་གི་སྐབས་སུའང་本学ཞེས་པའི་ཐ་སྙད་འདི་རང་རྐྱ་འཕེར་བའི་རིག་ཚན་ཞིག་གི་མིང་དུ་ནམ་ཡང་ཆགས་ཐབས་མེད།  དེའི་རྒྱུ་མཚན་གཙོ་བོ་ནི་རྒྱ་ཡིག་ཏུཞེས་པའི་ཡི་གེ་དེ་ལ་གོ་དོན་མང་དྲག་པ་མ་ཟད་དེའི་གོ་དོན་དེ་ཐམས་ཅད་ནམ་རྒྱུན་གྱི་འཚོ་བའི་ནང་དུ་བེད་སྤྱོད་ཤིན་ཏུ་མང་བས་གོ་འཛོལ་འབྱུང་སླ་བས་སོ། གལ་ཏེ苯学ཞེས་བེད་སྤྱོད་བཏང་ན། རིག་ཚན་ཞིག་གི་གོ་དོན་དུ་ཆགས་རྒྱུར་ད་དུང་བར་ཐག་ཅུང་ཟད་ཡོད་ནའང་། རིག་ཚན་ཞིག་གི་གོ་དོན་དུ་ཆགས་རྒྱུའི་ཆ་རྐྱེན་འཛོམས་ཡོད་དེ། ཞེས་པའི་ཡི་གེ་འདིར་གོ་དོན་མང་པོ་མེད་པ་ཟད་གོ་དོན་ཁ་ཤས་ཡོད་པ་དེ་དག་ཀྱང་རྒྱུན་སྤྱོད་གཏན་ནས་མིན་པས་གོ་དོན་གཞན་པར་འཛོལ་བའི་ཉེན་ཁ་ཀུན་ནས་མེད། གཞན་ཡང་། ཚིག་ལྷུག་སྤེལ་བའི་སྐབས་སུཞེས་པའི་ཡི་གེ་དེ་ལ་བོད་གྱི་བསྟན་པ་ཞིག་ཡིན་ཟེར་ནས་མཆན་འདོགས་པ་དང་འགྲེལ་བརྒྱབ་ན་ཡང་མི་ཆོག་རྒྱུ་མེད་མོད། ཡིན་ནའང་། ནང་དོན་བསྡུས་ཏེ་ཡི་གེ་གཅིག་གིས་བོན་གྱི་བསྟན་པ་མཚོན་ཐུབ་དགོས་པའི་གནས་ཚུལ་ཡང་འབྱུང་སྲིད་དེ།  དཔེར་ན།  བོན་ཆོས་ཀྱི་འབྲེལ་བ་ཞེས་པ་ལྟ་བུར་མཚོན་ན། ཞེས་པའི་ཡི་གེ་སྤྱད་དུས本佛关系ཟེར་དགོས་ལ། 本佛关系ཟེར་བའི་རྒྱ་ཡིག་གི་ཚིག་དེ་བསྟན་པ་འདིའི་འབྲེལ་བ(这个佛的关系)ཞེས་པ་དོན་ཡིན་པས་འགྲེལ་མ་རྒྱབ་ན་དེ་བོན་ཆོས་ཀྱི་འབྲེལ་བ་ཞེས་གོ་མི་ཐུབ་པའི་གནས་སུ་འགྱུར་ངེས། ཡང་དཔེར་ན། 本僧即佛僧ཞེས་པ་ལྟ་བུར་མཚོན་ན། བཙུན་པ་འདི་ནི་བན་བཙུན་ནོ་ཞེས་གོ་ཆོག་པ་མ་ཟད། བོན་པོའི་བཙུན་པ་ནི་བན་དེའི་བཙུན་པའོ། ཞེས་སུའང་གོ་ཆོག གོ་འཛོལ་འབྱུང་སླ་བ་མངོན་གསལ་རེད། དེ་ལས་ལྡོག་སྟེ། ཞེས་པའི་ཐ་སྙད་བེད་སྤྱོད་བཏང་ན། 苯僧དང佛僧གཉིས་ཀྱི་གོ་དོན་ནི་བོན་བཙུན་དང་བན་བཙུན་ཞེས་པ་མ་གཏོགས་གཞན་ལ་གོ་བ་ལོག་ས་ཅི་ཡང་མེད། དེ་བས་བོན་ཞེས་པའི་ཐ་སྙད་དེ་ཚིག་གྲོགས་གཞན་དང་སྦྱར་ནས་མིང་གསར་བ་གྲུབ་པའི་སྐབས་སུ། ཞེས་པའི་ཡི་གེ་དེཞེས་པ་ལས་སྤྱོད་བདེ་ཞིང་གོ་བ་གཞན་དུའང་མི་ལོག་པས། ཚིག་གྲོགས་གཞན་པ་དང་སྦྱར་ནས་མིང་ཚིག་གསར་བ་དེ་གོ་དོན་ཁ་མི་གསལ་ཞིང་མཚོན་བྱ་ཐེ་ཚོམ་ཅན་དུ་འགྱུར་མི་ཐུབ། དེ་བོན་གྱི་བསྟན་པ་རྒྱུད་འཛིན་བྱེད་པ་དང་འཕེལ་རྒྱས་གཏོང་བ་ལ་ཕན་ཐོགས་པ་མ་ཟད། བོན་གྱི་ཞིབ་འཇུག་འདི་རིག་ཚན་གསར་བ་ཞིག་ཆགས་པ་ལ་ཡང་ཕན་པ་ཆེ། ཐ་སྙདལ་རྒྱུན་སྤྱོད་ཀྱི་གོ་དོན་གཞན་མེད་པས་བོན་གཅིག་པུའི་གོ་དོན་མཚོན་ན་ཀུན་གྱིས་གོ་བདེ་བ་ཞིང་གོ་དོན་གཞན་དུ་འཁྲུལ་མི་འགྲོ་བས། ཀུན་གྱི་སེམས་ངོ་ནས་དང་ལེན་བྱེད་པར་ཤིན་ཏུ་སླ། དེར་མ་ཟད། བསྟན་པ་ཞིག་གི་མིང་ཙམ་མ་ཡིན་པར། དེ་རིག་གཞུང་ཞིབ་འཇུག་གི་རིག་ཚན་ཞིག་ཏུ་གྱུར་དུས། དེའི་མཚོན་དོན་ཤིན་ཏུ་གསལ་བས་བོན་བསྟན་གྱི་སྤྱི་ཚོགས་ཀྱི་གོ་གནས་དང་ཐོབ་ཐང་ཇེ་མཐོར་འགྲོ་བར་ཕན་པ་ཤིན་ཏུ་ཆེ།

     ཚིག་སྦྱོར་སྤེལ་བའི་སྐབས་སུ། གོ་བ་གཞན་དུ་འཁྲུལ་ཉེན་མེད་པའི་མིང་ཞིག་ནི་ཆོས་ལུགས་དང་རིག་གནས་ཀྱི་སྲོལ་རྒྱུན་གང་ལ་མཚོན་ནའང་གལ་འགངས་ཤིན་ཏུ་ཆེ། ལྷག་པར་དུ་དེང་སང་བོན་གྱི་བསྟན་པ་ལ་འབྲེལ་འདྲིས་ཇེ་ཆེ་རུ་འགྲོ་བཞིན་པ་མ་ཟད། བོད་རིག་པའི་ཞིབ་འཇུག་གི་ཁྱབ་ཁོངས་སུ་རྒྱལ་ཁབ་ཕྱི་ནང་ཀུན་ནས་བོན་གྱི་བསྟན་པ་དང་དེ་འབྲེལ་གྱི་རིག་གཞུང་ལ་ཞིབ་འཇུག་གི་དོ་སྣང་ཇེ་ཆེར་འགྲོ་བཞིན་པའི་སྒང་འདིར། ཀུན་གྱིས་ཡི་གེ་གཅིག་གི་གོ་དོན་ཙམ་ལ་ཞེ་མི་ཆགས་པར་བོན་བསྟན་དང་བཅས་པའི་བོད་ཀྱི་རིག་གནས་ཡར་རྒྱས་གོང་འཕེལ་ལ་བསམ་བློ་གཏོང་རྒྱུ་དང་། ཡིག་རིགས་གཞན་པའི་ནང་ནས་ཀྱང་གོ་དོན་མི་འཁྲུལ་ཞིང་རྗོད་བདེ་བའི་མིང་ཞིག་གི་སྟེང་དུ་གཅིག་གྱུར་བྱུང་ན། བོད་ཀྱི་རིག་གནས་འདི་ཡར་རྒྱས་གོང་འཕེལ་དུ་འགྲོ་བར་ཕན་ཐོགས་ཆེ་སྙམ། དེང་འདིར་བོན་ཞེས་པའི་ཐ་སྙད་འདི་རྒྱ་འགྱུར་གྱི་སྐབས་སུདང གཉིས་བེད་སྤྱོད་བྱེད་པའི་སྐོར་གཉིས་སུ་གྱེས་ན་ཡང་། ཚང་མས་བསྟན་པ་དང་རིག་གནས་འདི་ཡར་རྒྱས་དང་གོང་འཕེལ་དུ་གཏོང་བའི་ཆེད་དུ་བརྩོན་པའི་ཀུན་སློང་ལ་ཁྱད་པར་ཅི་ཡང་མེད་པས། རང་རང་གི་ཕྱོགས་ཞེན་ཙམ་སྐྱུར་ནས་བོད་ཀྱི་བསྟན་པ་འདི་སྤྱིའི་ཁེ་ཕན་དང་མདུན་ལམ་ལ་བསམ་བློ་བཏང་ན་མང་ཤོས་ཀྱིས་ཁས་ལེན་ཐུབ་པའི་མིང་བརྡ་ཞིག་རྙེད་ཐུབ་པའི་རེ་བ་ཆེན་པོ་བཅངས་ཡོད།