​རྔ་བ་ཁུལ་གྱི་བཙན་ལྷའི་སྔོ་ཚལ་ཤང་ཀང་གི་གསོལ་ལྕོག་ཐོག་བཤམས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-04-04   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བཙན་ལྷ་རྫོང་ཁའེ་ཡོན་ཞིང་ལས་ཀུང་སིའི་སྔོ་ཚལ་ཤང་ཀང་དང་ཨའོ་མོན་དུ་ཐད་ཚོང་བྱེད་པར་བདེན་དཔང་ཐོབ་པ་ལས་ད་ལོ་ཀུང་སིའི་སྔོ་ཚལ་ལ་ཚོང་ལམ་གསར་པ་རག་པ་དང་ད་ལོ་སྔོན་དཔག་བྱས་ན་རྔ་པའི་སྔོ་ཚལ་ཏུན3000ཤང་ཀང་བའི་གསོལ་ལྕོག་ཐོག་གཤམ་རྒྱུ་ཡིན་པ་མཚོན་ཡོད།

སི་ཁྲོན་རྔ་བ་བཙན་ལྷ་རྫོང་ཁའེ་ཡོན་ཞིང་ལས་ཀུང་སིས་ལོ་གཅིག་ཚོད་འདེབས་བྱས་པ་བརྒྱུད།  ནང་འདྲེན་བྱས་པའི་ཚལ་སྣ་ཁ18ལས་ས་གནས་དེར་འདེབས་འཛུགས་ལ་འཚམ་པའི་སྔོ་ཚལ་སྣ་ཁ་གཉིས་བཏབ་ཡོད། སྔོ་ཚལ་དེར་སྦགས་བཙོག་མེད་པ་དང་ལོ་གཅིག་ལ་ཐེངས་གཉིས་འདེབས་ཆོག་པ་མ་ཟད། སོས་ལ་བྲོ་བ་ཞིམ་པོ་ཡོད།  མིག་སྔར་ཀུང་སིས་ཁེན་ཏེ་ཅི་དང་མན་ཏེང་ལའོ་སོགས་སྟབས་ཟས་མུ་འབྲེལ་ཚོང་ཁང་དང་མངགས་ཉོའི་མཉམ་ལས་ཀྱི་འབྲེལ་བ་བཙུགས་ཡོད།

ན་ནིང་ཟླ་བཅུ་གཅིག་པར་རྔ་བ་ཁུལ་གྱིས་རེ་ཞུ་བྱས་པ་བརྒྱུད་བཙན་ལྷ་རྫོང་དེ་སི་ཁྲོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་གིས་སི་ཁྲོན་གྱི་སྔོ་ཚལ་ཤང་ཀང་དང་ཨའོ་མོན་དུ་ཐད་འཚོང་བྱེད་པའི་ཚོད་ལྟའི་རྫོང་ལ་གཏན་འཁེལ་བྱས་པ་རེད།