རྩོམ་པ་པོ།   གཡང་མཚོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2019-04-06   རྩོམ་ཁུངས།   
ཟླ་4པའི་ཚེས་3ཉིན།བདེ་ཆེན་ཁུལ་རང་བྱུང་ཐོན་ཁུངས་དང་འཆར་འགོད་ཅུས་ཀྱིས་ནགས་ཚོགས་གཙང་སེལ་ཆེད་དམིགས་འཐབ་རྩོད་ལས་ཀའི་སྐུལ་སྤེལ་ཚོགས་འདུ་འཚོགས།
ཚོགས་འདུའི་ཐོག རྫོང་(གྲོང་ཁྱེར་)སོ་སོའི་རང་བྱུང་ཐོན་ཁུངས་དང་འཆར་འགོད་ཅུས་ཀྱིས་ལས་ཀའི་སྐུལ་སྤེལ་བྱེད་ཚུལ་དང་ནགས་ཚོགས་གཙང་སེལ་སྐོར་གྱི་ལས་ཀ་བྱེད་ཚུལ་ཕྱོགས་བསྡུས་བྱས་པ་དང་།རྗེས་མའི་ལས་ཀའི་བྱེད་ཚུལ་ལ་བསམ་གཞི་བཏོན་པ་རེད།
གྲོས་ཚོགས་ཀྱིས་ལས་བྱེད་མི་སྣ་ཡོངས་ཀྱིས་ཐེངས་འདིའི་ཆེད་དམིགས་འཐབ་རྩོད་ལ་མཐོང་ཆེན་བྱས་ཏེ་ནགས་ཚོགས་ཀྱི་འབྲེལ་ཡོད་གནད་དོན་ཐག་གཅོད་ཐོབ་པར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན་པ།
ཁུལ་ཨུའི་སྲིད་ཁྲིམས་ཨུ་དང་ཁུལ་སྤྱི་བདེ་ཅུས།ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས།ཁུལ་ནགས་ཚལ་དང་རྩྭ་ཐང་ཅུས། རྫོང་(གྲོང་ཁྱེར་)སོ་སོའི་རང་བྱུང་ཐོན་ཁུངས་ཅུས་ཀྱི་འགན་འཁུར་བ་གྲོས་ཚོགས་སུ་ཞུགས་ཡོད།