རྩོམ་པ་པོ།   ཚེ་རིང་དོན་འགྲུབ་ཀྱིས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2019-04-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
བཤལ་ཆུ་སོགས་ཟ་ཁང་དང་ཐབ་ཚང་གི་ཟས་ལྷག་མས་ཕག་གསོ་བ་ནི་ཨ་ཧྥེ་རི་ཁའི་ཕག་པའི་འགོས་ནད་མཆེད་པའི་ཐབས་ལམ་གཙོ་བོ་ཞིག་ཡིན། ཉེ་དུས་རང་ཁུལ་དུ་ཨ་ཧྥེ་རི་ཁའི་ཕག་པའི་འགོས་ནད་ཐོན་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ཛ་དྲག་རེད། རིམས་ནད་མཆེད་ལམ་ནུས་ལྡན་ངང་འགོག་ཆེད། ཁུལ་མི་དམངས་སྲིད་གཞུང་གིས་ཞིབ་འཇུག་བྱས་པ་བརྒྱུད། ད་ཆ་བཤལ་ཆུ་སོགས་ཟ་ཁང་དང་ཐབ་ཚང་གི་ཟས་ལྷག་མས་ཕག་གསོ་རྒྱུ་འགོག་དགོས་པ་དང་། ཨ་ཧྥེ་རི་ཁའི་ཕག་པའི་འགོས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་ཕག་པ་ར་སྐོར་ནང་གསོ་དགོས་པའི་སྒྲིག་སྲོལ་བྱ་རྒྱུའི་བརྡ་ཁྱབ་གཤམ་གསལ་ལྟར་ཡིན།
གཅིག 《རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་ཨ་ཧྥེ་རི་ཁའི་ཕག་པའི་འགོས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》(རྒྱལ་གཞུང་གཞུང་དོན་ཐིང་གིས་སྤེལ་བའི་གློག་འཕྲིན་〔2018〕ཨང་12པ)གཞིར་བཟུང་ཕག་པ་གསོ་ཚགས་ར་བ(དུད་ཚང)དང་། ཞིང་དུད་ཚང་མས་བཤལ་ཆུ་སོགས་ཟ་ཁང་དང་ཐབ་ཚང་གི་ཟས་ལྷག་མས་ཕག་པ་གསོས་མི་ཆོག དེ་དང་འགལ་མཁན་གྱིས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་》ཀྱི་དོན་ཚན་བརྒྱད་ཅུ་པའི་ནང་གསེས་དོན་ཚན་དང་པོ་སྟེ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་ཕྱུགས་ནད་སྨན་བཅོས་གཙོ་སྐྱོང་སྡེ་ཁག་གིས་ཁྲིམས་ལྟར་སྲོག་ཆགས་ཀྱི་རིམས་ནད་ཚོད་འཛིན་དང་རྩ་མེད་གཏོང་རྒྱུའི་སྐོར་གྱི་གཏན་འབེབས་ལྟར། སྒོར་ཆིག་སྟོང་ཡན་ནས་ཆིག་ཁྲི་མན་བར་གྱི་དངུལ་ཆད་གཅོད་རྒྱུ།
གཉིས། 《རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་ཨ་ཧྥེ་རི་ཁའི་ཕག་པའི་འགོས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》(རྒྱལ་གཞུང་གཞུང་ལས་ཁང་གི་གློག་འཕྲིན〔2018〕ཨང་12པ)གཞིར་བཟུང་། ཟ་ཁང་ལས་གཉེར་དུད་ཁྱིམ་གྱིས་ཕག་པ་གསོ་ཚགས་ར་བ(དུད་ཚང)ལ་བཤལ་ཆུ་སོགས་ཟ་ཁང་དང་ཐབ་ཚང་གི་ཟས་ལྷག་མ་མཁོ་འདོན་བྱེད་མི་ཆོག སྒྲིག་འགལ་བྱེད་མཁན་ལ་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་ཆད་པ་ནན་པོ་གཅོད་རྒྱུ།
གསུམ། 《ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཨ་ཧྥེ་རི་ཁའི་ཕག་པའི་འགོས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》(ཡུན་ནན་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི་གློག་འཕྲིན〔2018〕ཨང་59པ)གཞིར་བཟུང་། ཞིང་ལས་ཞིང་གྲོང་སྡེ་ཁག་གིས་ཕག་པ་གསོ་ཚོགས་བྱེད་མཁན་ལ་བཤལ་ཆུ་སོགས་ཟ་ཁང་དང་ཐབ་ཚང་གི་ཟས་ལྷག་མས་གསོ་རྒྱུ་བཀག་འགོག་བྱེད་པར་རྩ་འཛུགས་བྱེད་དགོས། ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ཟ་ཁང་ལས་གཉེར་བར་ལྟ་སྐུལ་དོ་དམ་བྱས་ནས། བཤལ་ཆུ་སོགས་ཟ་ཁང་དང་ཐབ་ཚང་གི་ཟས་ལྷག་མ་ཕྱོགས་གང་ནས་ཐག་གཅོད་བྱེད་པར་ཐོ་འགོད་དང་དོ་དམ་ཡག་པོ་བྱེད་དགོས་ལ། བཤལ་ཆུ་སོགས་ཟ་ཁང་དང་ཐབ་ཚང་གི་ཟས་ལྷག་མ་གསོ་ཕག་ར་བའི་གནས་སུ་འགྲོ་བར་ནན་འགོག་བྱེད་དགོས། སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་སྡེ་ཚན་གྱིས་ཟས་ལྷག་བསྡུ་རུབ་དང་། སྐྱེལ་འདྲེན། ཐག་གཅོད་བཅས་བྱེད་དུས་ལས་གཉེར་བར་ལྟ་སྐུལ་དོ་དམ་བྱེད་པའི་འགན་འཁུར་དགོས་ཤིང་། བཤལ་ཆུ་སོགས་ཟ་ཁང་དང་ཐབ་ཚང་གི་ཟས་ལྷག་མ་ནི་གསོ་ཕག་ར་བ་དང་ཕག་པ་གསོ་བའི་ཁྱིམ་ཚང་དུ་སྐྱེལ་བར་ནན་འགོག་བྱེད་དགོས།
བཞི། ཨ་ཧྥེ་རི་ཁའི་ཕག་པའི་འགོས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་ཁུལ་ཡོངས་ཀྱི་ཁྱབ་ཁོངས་ནང་གི་ཕག་པ་གསོ་ཚགས་ར་བ(དུད་ཚང)དང་ཞིང་དུད་ཚང་མས་ཕག་པ་ར་སྐོར་ནང་ནས་གསོ་བ་ལས་ཕྱི་རུ་གཏང་མི་ཆོག ཁྲིམས་དང་འགལ་མཁན་གྱིས་གློད་འགྲོལ་བཏང་བའི་ཕག་པ་བཙན་ཤེད་ཀྱིས་གསོད་དུ་འཇུག་རྒྱུ་ཡིན་པ་མ་ཟད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲོག་ཆགས་ཀྱི་རིམས་འགོག་སྐོར་གྱི་བཅའ་ཁྲིམས》ནང་འཁོད་དོན་ཚན་བརྒྱད་ཅུ་པའི་ནང་གསེས་དོན་ཚན་དང་པོ་སྟེ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་ཕྱུགས་ནད་སྨན་བཅོས་གཙོ་སྐྱོང་སྡེ་ཁག་གིས་ཁྲིམས་ལྟར་སྲོག་ཆགས་ཀྱི་རིམས་ནད་ཚོད་འཛིན་དང་རྩ་མེད་གཏོང་བའི་སྐོར་གྱི་གཏན་འབེབས་ལྟར། ཕག་པ་གསོ་ཚགས་ར་བ་(དུད་ཚང་)དང་ཞིང་དུད་ལ་སྒོར་ཆིག་སྟོང་ཡན་ནས་ཆིག་ཁྲི་མན་བར་གྱི་དངུལ་ཆད་གཅོད་རྒྱུ།
ལྔ། གོང་གསལ་གཏན་འབེབས་ལས་འགལ་ཏེ་བདེ་འཇགས་དོ་དམ་ལས་འགལ་བའི་བྱེད་སྤྱོད་ཡོད་ཚེ། སྤྱི་བདེ་ལས་ཁུངས་ཀྱིས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་ཕྱོགས་སྐོར་གྱི་བཅའ་ཁྲིམས》ལ་གཞིགས་ནས་བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་རྒྱུ་ཡིན་ལ། ཨ་ཧྥེ་རི་ཁའི་ཕག་པའི་འགོས་ནད་མཆེད་རིགས་བཟོ་མཁན་དང་ཁྲིམས་འགལ་ཉེས་གསོག་གི་དོགས་པ་ཡོད་རིགས་ལ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ།
དྲུག ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་ཁག་དང་། རྫོང་དང་གྲོང་ཁྱེར(གསར་སྤེལ་ཁུལ) ཤང་(གྲོང་རྡལ)བཅས་ཀྱིས་དྲིལ་བསྒྲགས་སྐུལ་སློང་བྱེད་ཤུགས་ཆེ་རུ་བཏང་ནས། ཚན་རིག་དང་མཐུན་པའི་གནས་ལུགས་གསལ་བཤད་དང་ཞིང་དུད་སྐུལ་སློང་བྱས་ཏེ་དོན་འཁྱོལ་ཧུར་ཐག་བྱེད་དགོས། གྲོང་མིའི་ཨུ་ཡོན་ལྷན་ཁང་(སྡེ་ཁུལ་)ཁག་གིས་གསོ་ཚགས་དུད་ཚང་དང་ཁས་ལེན་ཡི་གེ་བཞག་ནས། བརྡ་ཁྱབ་འདིའི་འབྲེལ་ཡོད་བླང་བྱ་གྲོང་སྲོལ་དམངས་ཆིངས་ནང་བཅུག་སྟེ་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་དོན་འཁྱོལ་བྱ་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས།
བདུན། བརྡ་ཁྱབ་འདི་དང་འགལ་བའི་བྱ་སྤྱོད་བྱུང་ན། སྡེ་ཚན་གང་དང་མི་སྒེར་སུ་ཞིག་གིས་གཤམ་གསལ་གྱི་ཐེར་འདོན་ཁ་པར་བརྒྱུད་ནས་ཐེར་འདོན་བྱས་ཆོག ཐེར་འདོན་ཁ་པར། བདེ་ཆེན་ཁུལ་སྲོག་ཆགས་རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་གཞུང་ལས་ཁང་གི་ཁ་པར0887—8222291ཡིན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྲོག་ཆགས་རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་གཞུང་ལས་ཁང་གི་ཁ་པར0887—8223778ཡིན། བདེ་ཆེན་རྫོང་ངམ་འཇོལ་རྫོང་གི་སྲོག་ཆགས་རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་གཞུང་ལས་ཁང་ གི་ཁ་པར0887—8412924དང་། འབའ་ལུང་རྫོང་གི་སྲོག་ཆགས་རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་གཞུང་ལས་ཁང་གི་ཁ་པར0887—8626537ཡིན།
བརྒྱད། བརྡ་ཁྱབ་འདི་བསྒྲགས་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།
དགུ། བརྡ་ཁྱབ་འདི་བདེ་ཆེན་ཁུལ་སྲོག་ཆགས་རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་གཞུང་ལས་ཁང་གིས་གསལ་འགྲེལ་བྱེད་འགན་འཁུར་རྒྱུ་ཡིན།
བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་།
2019ལོའི་ཟླ་4པའི་ཚེས་9ཉིན།