ཆི་ཅན་ཞིན་གྱིས་ཕག་པའི་འགོས་ནད་ཀྱི་སྔོན་འགོག་ལས་ཀར་བརྟག་དཔྱད་བྱས།

རྩོམ་པ་པོ།   གཡང་མཚོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2019-04-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


       ཟླ་4པའི་ཚེས་9ཉིན།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཆི་ཅན་ཞིན་རུ་སྣེ་ཁྲིད་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཧྥེ་གླིང་ཕག་པའི་འགོས་ནད་ཀྱི་སྔོན་འགོག་ལས་ཀར་བརྟག་དཔྱད་གནང་སྐབས་བསྟན་དོན།རིམ་པ་ཁག་དང་སྡེ་ཁག་སོ་སོས་འཕེལ་རིམ་མགྱོགས་སུ་གཏོང་བ་དང་ཧྥེ་གླིང་ཕག་པའི་འགོས་ནད་ཀྱི་སྔོན་འགོག་ལས་ཀ་ཡག་པོ་སྒྲུབ་སྟེ།བཟའ་བཅའི་བདེ་འཇགས་ལ་ཁག་ཐེག་བྱེད་དགོས།

        ཆི་ཅན་ཞིན་དང་བཅས་པ་སྔ་རྗེས་སུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་ཐག་གཅོད་བཟོ་གྲྭ་སོགས་སུ་ཕེབས་ནས།ད་ལྟར་ཧྥེ་གླིང་ཕག་པའི་འགོས་ནད་ཀྱི་སྔོན་འགོག་ལས་ཀའི་སྒྲུབ་ཚུལ་རྒྱུས་ལོན་བྱས་པ་རེད།


          ཆི་ཅན་ཞིན་གྱིས་བླང་བྱ་བཏོན་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་མཉམ་འདྲེས་བྱས་ནས་ཧྥེ་གླིང་ཕག་པའི་འགོས་ནད་ཀྱི་དུག་སེལ་ས་ཚིགས་བཀོད་སྒྲིག་བྱེད་པ་དང་ལས་རེས་དང་མཚོན་རྟགས་བྱང་བུའི་བཀོད་སྒྲིག་གི་ལས་ཀ་ཡག་པོ་བསྒྲུབས་ཏེ་ཧྥེ་གླིང་ཕག་པའི་འགོས་ནད་ཀྱི་སྔོན་འགོག་ཤེས་བྱ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མང་ཚོགས་ལ་ཁ་གཏད་ཡང་དག་འཇལ་རྒྱུར་ཁྲིད་སྟོན་བྱེད་པ། སྤྱི་ཚོགས་ཀྱི་འཇིགས་སྣང་ཏན་ཏིག་སེལ་བ། སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་འགན་ལེན་བཅས་བྱེད་དགོས། ལས་སྒྲུབ་ས་ཚིགས་ཀྱི་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་བྱས་ནས་འགྲིམ་འགྲུལ་འདུས་ཚད་ཆེ་བའི་ས་ཁོངས་ལུགས་མཐུན་ངང་ཁག་བགོ་ཐུབ་པ་དང་། འཕེལ་རིམ་མགྱོགས་སུ་གཏོང་བ། སྟོབས་ཤུགས་ཆེ་རུ་གཏོང་བ། ཧྥེ་གླིང་ཕག་པའི་འགོས་ནད་ཀྱི་སྔོན་འགོག་དམག་འཐབ་ཡག་པོ་རྒྱག་པ། བཟའ་བཅའི་བདེ་འཇགས་དང་ཁྲོམ་ར་བརྟན་ལྷིང་སྲུང་སྐྱོང་བཅས་བྱས་ནས་མང་ཚོགས་བློ་བདེ་དང་བློ་ཡིད་ཚིམ་པོ་ཡོང་བ་བྱེད་དགོས།

          ཤེས་གསལ་བྱུང་དོན། ཧྥེ་གླིང་ཕག་པའི་འགོས་ནད་བྱུང་རྗེས།རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་ནས།ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགོ་ཁྲིད་ཀྱིས་མཆན་བཀོད་མཛུབ་སྟོན་ཐེངས་མང་གནང་སྟེ།ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཁག་སོ་སོས་ནན་པོའི་ངང་འགོས་ནད་ཀྱི་ཐག་གཅོད་དང་སྔོན་འགོག་ལས་ཀ་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་ཡོད།མིག་སྔར་ཁུལ་ཡོངས་ཀྱི་ས་གནས་ཁག་གིས་ཧུར་ཐག་ངང་འགོས་ནད་ཀྱི་ཐག་གཅོད་དང་སྔོན་འགོག་ལས་ཀ་སྒྲུབ་བཞིན་པ་རེད།

         ཁུལ་ཨུའི་རྒྱུན་ཨུ།ཁུལ་དཔོན་གཞོན་པ་ལི་དབྱིན་པིན།ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ཁྲིན་ཕིན་བརྟག་དཔྱད་དུ་ཞུགས་པ།

          ཁུལ་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བས་བརྟག་དཔྱད་ཕེབས་རོགས་གནང་ཡོད།