རྩོམ་པ་པོ།   ཚེ་དོན་གྱིས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2019-04-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
གཅིག རླངས་འཁོར་གྱི་མཐའ་འཁོར་ནས་རྩེད་མོ་རྩེས་མི་ཉན། གཉིས། སྔས་འགྲམ་དུ་པི་པི་ཞིག་གྲ་སྒྲིག་བྱེད་པ། གསུམ། ཆུ་དོང་གི་ཁ་ལེབ་ལ་རྡོག་བརྫིས་མ་གཏོང་། བཞི། གུ་དོག་པའི་བར་སྟོང་ནང་དུ་འཛུལ་མི་རུང་། ལྔ། ལྕགས་སྨྱུག་གིས་མི་གཞན་ལ་གཏད་མི་རུང་། དྲུག གཅིན་པས་ཁྱོད་རང་མེ་སྐྱོན་ལས་ཐར་བར་རོགས་རམ་གནང་ཐུབ། བདུན། གཅིན་ཡོད་ན་བསྲན་ནས་མ་འདུག བརྒྱད། ཉི་མར་ལྡེབ་ཡུན་མ་རིང་། དགུ། མྱི་ཆ་མེད་དང་སྐད་ཆ་གཏན་ནས་མ་བཤད། བཅུ། ནང་གི་ལྭ་བ་དང་རྐང་ཐུང་གིས་བཏུམ་ཡོད་པའི་གནས་ནི་གཞན་ལ་རེག་གི་མ་འཇུག བཅུ་གཅིག ཁེར་རྐྱང་དུ་འགྲོ་བ་ལས་མི་གསུམ་མཉམ་སྡེབ་བྱས་ཏེ་ཕྱི་ལ་སོང་ན་བདེ་འཇགས་ཀྱི་ཚད་ཅུང་མཐོ། བཅུ་གཉིས། ངེས་པར་དུ་ཕ་མའི་མིང་དང་། ལག་ཁྱེར་ཁ་པར། ཁྱིམ་གྱི་སྡོད་སའི་གནས་ཚུལ་སོགས་སེམས་ལ་བཟུང་དགོས།