ཚེ་རིང་ཐར་མོའི་དབུལ་སྒྲོལ་གྱི་བླ་མེད་སྙིང་སྟོབས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-04-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        དཔྱིད་ཟླ་བཞི་བར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཉི་ཤར་ཤང་བདེ་སྐྱིད་གྲོང་ཚོའི་ཞིང་འདབས་གྲོང་མི་ཚོ་ཆུང་དུ་དཔྱིད་ཀའི་སྣང་བས་ཡོངས་སུ་ཁེངས་ཡོད་ལ། སྔོ་ལྗང་གི་རྒྱ་ལྕང་ཁྲོད་ལ་གྲོང་མི་ཚེ་རིང་ཐར་མོ་ཀྱིས་ཉེ་སྔོན་ནང་འདྲེན་བྱས་པའི་ཉི་ཤར་བྱ་དེར་འགོག་སྨན་རྒྱག་བཞིན་ཡོད།ཁོ་མོས་ལས་ཀ་ལས་བྱོར་དུ་གདོང་ལ་དགའ་བའི་འཛུམ་གྱིས་ཁེངས་ནས་ན་ནིང་ཉི་ཤར་བྱ་དེ་གསོ་སྤེལ་བྱས་ནས་ཡོང་འབབ་སྒོར་ཁྲི་3ཐོབ་ལ།ད་ལོ་བྱ་དེ་སྟོང་གཅིག་ལྷག་ཕྱིར་འཚོང་བྱེད་པའི་འཆར་གཞི་ཡོད་ཅེས་བཤད།

        ཚེ་རིང་ཐར་མོ་ནི་བདེ་སྐྱིད་གྲོང་ཚོ་ཞིང་འདབས་གྲོང་མི་ཚོ་ཆུང་གི་དབུལ་ཕོངས་ཁྱིམ་ཚང་ཞིག་ཡིན། ཁོ་མོར་བྱིས་པ་གཉིས་ཡོད་དེ་གཉིས་ཀ་སློབ་གྲྭར་འགྲོ་བཞིན་ཡོད་ལ། དེ་མིན་དབང་བོ་སྐྱོན་ཅན་གྱི་ཨ་ནེ་ཞིག་ཀྱང་ཁོ་མོས་བདག་སྐྱོང་བྱེད་བཞིན་ཡོད་པ་རེད། དེ་སྔོན་ཁྱིམ་གྱི་ཡོང་འབབ་གཙོ་བོ་སྲོལ་རྒྱུན་གྱི་ཞིང་ལས་འདེབས་འཛུགས་དང་པེ་ཤ་འཐུ་བ་ཁོ་ནར་བརྟེན་དགོས་པས། ཁྱིམ་མི་ཚོའི་འཚོ་བར་དཀའ་ཁག་ཆེན་པོ་ཡོད་པ་རེད། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་དབུལ་སྐྱོར་གནད་འཕིགས་ཀྱི་ལས་ཀ་སྤེལ་བ་ནས་བཟུང་ཚེ་རིང་མཚོ་མོ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སེམས་ཀྱི་ཉི་ཟླ་ཀུ་སི་དབུལ་སྐྱོར་གནད་འཕིགས་ནང་ཞུགས་པའི་གོ་སྐབས་བཟང་བོ་དང་འཕྲད་པ་རེད། ཀུང་སི་འདིས་གྲོང་ཚོའི་ཏང་ཨུ་ཡན་ལག་པུའུ་+གཅིག་བསྡུས་དཔལ་འབྱོར+ཀུང་སི+མཉམ་ལས་ཁང་བཅས་ཀྱི་མཉམ་འབྲེལ་ཚོང་གཉེར་བརྒྱུད་ནས།ཀུང་སི་+རྟེན་གཞི+མཉམ་ལས་ཁང་+ཞིང་ཁྱིམ་གྱི་རྣམ་པས་གསོ་སྤེལ་ར་བ་འཛུགས་པའི་བྱེད་ཐབས་ལ་བརྟེན་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་བྱུང་དུ་བཅུག་པས་ཚེ་རིང་ཐར་མོ་ཡང་ཕྱུར་འགྱུར་གྱི་རེ་བས་ཁེངས་སུ་བཅུག་པ་རེད།

        འདི་ལྟར་ཚེ་རིང་ཐར་མོ་དུས་ཡུན་འཐུང་ངུའི་ནང་ལག་རྩལ་དང་ཉམས་མྱོང་མེད་པའི་ཞིང་བ་དཀྱུས་མ་ཞིག་ནས་ལག་རྩལ་དང་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་པའི་གསོ་སྤེལ་ཆེད་ལས་ཁྱིམ་ཚང་ཞིག་ཏུ་གྱུར་བ་རེད། གསོ་སྤེལ་བྱེད་པའི་གོ་རིམ་ཁྲོད་ཁོ་མོས་ལྗོང་མདོག་གསོ་སྤེལ་དང་བྱ་དེའི་སྐྱེ་འཕེལ་གྱི་གོ་རིམ་གཉིས་ཀྱི་མཉམ་འབྲེལ་བྱེད་པའི་ལས་ཀར་དོ་སྣང་ཆེན་པོ་བྱས་ཤིང་།བྱ་ཕྲུག་གི་སྐྱེ་འཕེལ་དུས་རིམ་དང་རིམས་ནད་གྱི་གནས་ཚུལ་ལ་དམིགས་ནས་དུས་ཐོག་ཏུ་དུག་སེལ་དང་རིམས་འགོག་སྨན་ཁབ་སོགས་རྒྱག་བཞིན་ཡོད་པས་སྒོང་ངའི་ཐོན་ཚད་མངོན་གསལ་གྱིས་ཇེ་མཐོར་སོང་ཞིང་།ཁོ་མོ་ཚན་རིག་དང་གཞི་ཁྱོན་ཅན་གྱི་བྱ་དེ་གསོ་སྤེལ་གྱི་ཕྱུག་འགྱུར་ལམ་སྙེགས་པ་རེད།

        ཚེ་རིང་ཐར་མོས་གསོ་སྤེལ་བྱེད་པའི་ཉམས་མྱོང་དང་ལག་ལེན་ལ་དོ་སྣང་ཆེན་པོ་བྱས་ཤིང་།ལོ་འདི་དག་ལ་བྱ་དེ་གསོས་པའི་གོ་རིམ་ཁྲོད་འཕྲད་པའི་གནད་དོན་རེ་རེ་བཞིན་ཐོ་འགོད་དང་དབྱེ་ཞིབ་བྱས་ཤིང་། དབྱེ་ཞིབ་དང་ཕྱོགས་བསྡོམས་ཀྱི་ཁྲོད་ནས་ལག་ལེན་གྱི་ཉམས་མྱོང་མང་བོ་ཐོབ་པ་རེད།  གནད་འགག་གི་རྩལ་མང་བོ་ཁོང་དུ་ཆུད་པའི་སྟེང་ལ་ཞིབ་ཚགས་གི་སྒོ་ནས་གསོ་སྤེལ་དོ་དམ་བྱས་པས།བྱ་དེ་གསོ་བའི་གཞི་ཁྱོན་རྒྱུན་མཐུད་ཇེ་ཆེར་སོང་ལ། ཡོང་འབབ་ཡང་ལོ་རེར་ཇེ་མཐོར་སོང་བ་རེད། ལོ་རེར་བྱ་དེ་800ལྷག་ཕྱིར་འཚོང་བྱེད་བཞིན་ཡོད་ལ།ལོ་རེར་ཡོང་འབབ་སྒོར་ཁྲོ་3ལྷག་ལེན་བཞིན་ཡོད།

        ཚེ་རིང་མཚོ་མོས་དབུལ་སྒྲོལ་འགག་སྒྲོལ་གྱི་ལམ་བུའི་ཁྲོད་སྲིད་གཞུང་གཞུང་ལ་བརྟེན་དགོས་པ་མ་ཟད།རང་ཉིད་ཀྱི་འབད་བརྩོན་ལ་ཡང་བརྟེན་དགོས་ཞེས་བཤད།