སྤྲིན་པའི་གསེབ་ཏུ་གནས་པའི་མེ་ཏོག་རྫོང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-04-15   རྩོམ་ཁུངས།    ཤིན་ཧྭ་དྲ་བ།

        ཟླ་4ཚེས་9ཉིན། ཡར་ཀླུང་གཙང་པོའི་གྲོག་རོང་ནས་འཕྱུར་བའི་སྤྲིན་མཚོས་མེ་ཏོག་རྫོང་གི་མཁའ་དབྱིངས་འཁྲིགས་ནས་ལྷ་ཡུལ་ལྟར་དུ་གྱུར་ཡོད། མེ་ཏོག་རྫོང་ནི་བོད་ཀྱི་ཤར་ལྷོའི་རྒྱུད་དུ་ཆགས་ཤིང་། ཡུལ་དེ་ནི་ཡར་ཀླུང་གཙང་པོའི་སྨད་རྒྱུད་དུ་གནས་པ་དང་། ཧི་མ་ལ་ཡ་རི་རྒྱུད་དུ་ཆགས་ཡོད་པས། ཐུན་མོང་མ་ཡིན་པའི་ས་ཁམས་ཁོར་ཡུག་གིས་མེ་ཏོག་རྫོང་གི་རང་བྱུང་ཁམས་མཛེས་སྡུག་ལྡན་པ་ཞིག་ཏུ་འགྱུར་ཡོད།