རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-04-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཟླ་4པའི་ཚེས་15ཉིན།རང་ཁུལ་གྱིས་ཨ་ཧྥེ་རི་ཁའི་ཕག་པའི་འགོས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའི་ལས་དོན་ཚོགས་འདུ་འཚོགས་ཤིང་།གསར་འགོད་པས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན།མིག་སྔར།རང་ཁུལ་གྱི་ཕག་པའི་འགོས་ནད་ཀྱི་སྔོན་འགོག་ཚོད་འཛིན་ལས་དོན་ལ་དུས་རིམ་ཅན་གྱི་གྲུབ་འབྲས་ཐོབ་ཡོད།གོམ་སྟབས་རྗེས་མར་ཕྱོགས་བརྒྱད་ཐད་ཀྱི་ལས་དོན་སྤེལ་ནས་ཕག་པའི་འགོས་ནད་ཀྱི་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་རྒྱུ་ཡིན།
ཟླ་4པའི་ཚེས་14ཉིན་བར།རང་ཁུལ་གྱིས་ཕག་པའི་འགོས་ནད་བྱུང་ཁུལ་དང་ཕག་པའི་འགོས་ནད་བྱུང་ཁུལ་གྱི་ཕག་པ་ཚང་མ་ཐག་གཅོད་བྱས་པ་དང་ཁྱོན་མགོ་གྲངས་1396བསད་པ་དང་གནོད་མེད་ངང་མགོ་གྲངས་1501ཐག་གཅོད་བྱས་པ་རེད།ཞིབ་བཤེར་ས་ཚིགས་351བཙུགས་པ་དང་རིམ་རྩིས་བྱས་ན་གྲལ་བཤེར་དུག་སེལ་རླངས་འཁོར་ཐེངས་115052བཏང་བ་དང་།དུག་སེལ་མི་སྣ་མི་ཐེངས་10492བཏང་བ། ཕག་པའི་ཐོན་རྫས་ཏུན་0.943རྩད་ཆོད་པ།དུག་སེལ་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་853.96ཟིན་པ་བཅས་རེད།ཕག་པ་གསོ་ཚགས་ར་བ(དུད་ཚང)99046གྲལ་བཤེར་བྱས་པ་དང་ཕག་པ་མགོ་གྲངས་700522གྲལ་བཤེར་བྱས་ཡོད།འབྲེལ་ཡོད་དྲིལ་བསྒྲགས་དཔྱད་ཡིག་5130སྤྲད་པ་དང་། ཟ་ཁང་གི་གད་སྙིགས་ཁས་ལེན་ཡི་གེ་དུད་ཚང་3584ལ་མིང་རྟགས་བཀོད་ཡོད།
▲ནག་ཕག་མཚོའི་མཚོ་སྐོར་གྱི་ལམ་ན་སྡེ་མིས་དུག་སེལ་སྔོན་འགོག་བྱེད་བཞིན་པ། (པ་སངས་གིས་པར་བླངས།)
▲ཡང་ཐང་ཕག་པའི་འགོས་ནད་ཚོད་འཛིན་ཁུལ་གྱིས་214རྒྱལ་ལམ་སྟེང་ན་དུག་སེལ་སྔོན་འགོག་བྱེད་བཞིན་པ།(པ་སངས་གིས་པར་བླངས།)
▲ལམ་འགག་ན་དུག་སེལ་བྱེད་བཞིན་པ།(པ་སངས་གིས་པར་བླངས།)
གོམ་སྟབས་རྗེས་མའི་ལས་དོན་ཁྲོད་རང་ཁུལ་གྱིས་ཨ་ཧྥེ་རི་ཁའི་ཕག་པའི་འགོས་ནད་ཀྱི་སྔོན་འགོག་ཚོད་འཛིན་ལས་དོན་རྒྱུན་མཐུད་ངང་ཡག་པོ་བསྒྲུབ་རྒྱུ་ཡིན་པ་རེད།གཅིག་ནི་ཞིབ་བཤེར་དུག་སེལ་ས་ཚིགས་བཀོད་སྒྲིག་སྔར་བས་ལེགས་སུ་གཏོང་བ། གཉིས་ནི་རིམ་པ་ཁག་གི་ཤིང་ཆ་ཞིབ་བཤེར་ས་ཚིགས་ཀྱི་ལས་དོན་མི་སྣ་སྔོན་འགོག་ཚོད་འཛིན་ལས་དོན་ནང་ཞུགས་རྒྱུར་ཤུགས་སྣོན་རྒྱག་པ།གསུམ་ནི་འགོས་ནད་བྱུང་ཁུལ་དང་འགོས་ནད་བྱུང་ཁུལ་གྱི་ཁོར་ཡུག་དུག་སེལ་ལ་མུ་མཐུད་ཤུགས་སྣོན་རྒྱག་པ།བཞི་ནི་བ་གླང་དང་ལུག་སོགས་གསོ་ཚགས་སྲོག་ཆགས་བརྒྱུད་ཨ་ཧྥེ་རི་ཁའི་ཕག་པའི་འགོས་ནད་ནད་དུག་མཆེད་རྒྱུ་སྔོན་འགོག་བྱེད་པ།ལྔ་ནི་ཚན་རིག་དང་མཐུན་པའི་སྒོ་ནས་དུག་སེལ་ལས་དོན་སྤེལ་བ།དྲུག་ནི་ཚན་རིག་དང་མཐུན་པའི་སྒོ་ནས་འགོས་ནད་ཀྱི་དབྱེ་མཚམས་འབྱེད་བ།བདུན་ནི་འབྲེལ་ཡོད་ཀྱི་སྐྱེལ་འདྲེན་ལས་དོན་ཡག་པོ་སྒྲུབ་པ།བརྒྱད་ནི་ཁུལ་ཡོངས་ཀྱི་ཕག་པའི་ཐོན་རྫས་ཚོང་རའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས།
▲ལྔ་ཤོག་ཤང་གི་ལས་བྱེད་མི་སྣས་གནོད་མེད་ཐག་གཅོད་བྱེད་བཞིན་པ། (པ་སངས་གིས་པར་བླངས།)
▲མཐའ་ཆུ་གྲོང་རྡལ་ཆུ་འཛོམས་ཟམ་ཆེན་སྟེང་ན་ལས་བྱེད་མི་སྣས་འགྲོ་འོང་བྱེད་བཞིན་པའི་རླངས་འཁོར་ལ་དུལ་སེལ་སྔོན་འགོག་བྱེད་བཞིན་པ།(ཧོ་ཞང་ཏུང་གིས་པར་བླངས།)