ཁུལ་ཡོངས་ཀྱི་2019ལོའི་དུས་ཚིགས་དང་པོའི་དཔལ་འབྱོར་དུས་བབ་དབྱེ་ཞིབ་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།   གཡང་མཚོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2019-04-25   རྩོམ་ཁུངས།    བདེ་ཆེན་ཉིན་རེའི་ཚགས་པར།

     སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན།རང་ཁུལ་གྱིས་དུས་ཚིགས་དང་པོའི་དཔལ་འབྱོར་དུས་བབ་དབྱེ་ཞིབ་ཚོགས་འདུ་འཚོགས་ནས།དུས་ཚིགས་དང་པོའི་ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་ལ་ཕྱོགས་སྡོམ་དབྱེ་ཞིབ་བྱས་པ་དང་།དུས་མཚམས་རྗེས་མའི་ལས་དོན་བཀོད་སྒྲིག་བྱས་པ་རེད།

         ཁུལ་མི་དམང་སྲིད་གཞུང་གི་ཁུལ་དཔོན་ཆི་ཅན་ཞིན་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་བ་རེད།

  ཚོགས་འདུའི་ཐོག་དུས་ཚིགས་དང་པོར།ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་དང་། རྣམ་གྲངས་འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་སུ་གཏོང་བ། ཐོན་ལས་ཀྱི་རྨང་གཞི་རྒྱུན་མཐུད་ངང་མཐོ་རུ་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་མངོན་གསལ་དོད་པ། སྣོད་བཅུད་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། གྲོང་ཁྱེར་འཛུགས་སྐྲུན་གྱི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་བྱ་གཞག་བདེ་བླག་ངང་འཕེལ་རྒྱས་གཏོང་བ། སྤྱི་ཚོགས་ཀྱི་སྤྱི་ཡོངས་འཆམ་མཐུན་བརྟན་ལྷིང་བཅས་བྱུང་བ།ཁུལ་ཡོངས་ཀྱི་དཔལ་འབྱོར་དམིགས་ཚད་ཀྱི་འཕར་ཚད་ལུགས་མཐུན་གྱི་བར་མཚམས་སུ་རྒྱུན་མཐུད་ངང་རྒྱུན་འཁྱོངས་ཐུབ་ནས་ལོ་ཡོངས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་ཆེད་རྨང་གཞི་བཟང་པོ་ཞིག་བཏིང་ཡོད།

         ཆི་ཅན་ཞིན་གྱིས་ཁུལ་ཡོངས་ཀྱི་གོང་འོག་གིས་དཔལ་འབྱོར་འཛུགས་སྐྲུན་ལ་དམ་འཛིན་བྱས་ཏེ།དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུ་དེ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་རྩ་བའི་དམ་འཛིན་བྱ་གཞིར་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རྣམ་གྲངས་གལ་ཆེན་གྲབས་གསོག་དང་འཁོར་འགྲིལ་འབྲེལ་མཐུད་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཁྲལ་འཕྲི་རིན་གཅོག་གི་བྱ་ཐབས་དོན་འཁྱོལ་བྱེད་དགོས། དམག་འཐབ་ཆེན་པོ་གསུམ་དམ་འཛིན་བྱས་ཏེ།ཉེན་ཁ་ཆེན་པོའི་འགག་སྒྲོལ་དམག་འཐབ་དང་། གནད་སྨིན་དབུལ་སྒྲོལ་འགག་སྒྲོལ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་བཅས་ཡག་པོ་རྒྱག་དགོས། མ་འཇོག་ལས་དོན་དམ་འཛིན་ནན་པོ་བྱས་ཏེ་སྐྲུན་བཞིན་པའི་རྣམ་གྲངས་ཀྱི་འཕེལ་རིམ་མགྱོགས་སུ་གཏོང་བ་དང་། གསར་སྐྲུན་རྣམ་གྲངས་ཀྱི་ལས་འགོ་འཛུགས་པའི་མྱུར་ཚད་མགྱོགས་སུ་གཏོང་བ། རྣམ་གྲངས་ཀྱི་དུས་འགོའི་གཏིང་ཚད་བརྟན་དུ་གཏོང་བ། རྣམ་གྲངས་ཀྱི་བསྡོམས་རྩིས་མཛོད་དུ་འཇུག་པའི་ལས་དོན་དམ་འཛིན་ཡག་པོ་བཅས་བྱེད་དགོས། ཐོན་ལས་འཛུགས་སྐྲུན་དམ་འཛིན་ བྱས་ཏེ་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ཁྱད་ལྡན་ཞིང་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བ། བཟོ་ལས་གསར་པ་འཕེལ་རྒྱས་ཧུར་ཐག་གཏོང་བ་བཅས་བྱེད་དགོས།

         སྣོད་བཅུད་འཛུགས་སྐྱོང་ལ་དམ་འཛིན་བྱས་ཏེ་ཁྱིམ་ཚང་དུ་དྲོད་གཏོང་བའི་ལས་གྲྭ་ལག་བསྟར་བྱེད་པ་དང་། ཨར་ལས་ཚབ་བྱེད་རྒྱུ་ཆ་གསར་པ་ཁྱབ་གདལ་གཏོང་བ། ཤིང་འཛུགས་ནགས་བཟོའི་འདུ་འགོད་ལག་བསྟར་བྱེད་པ། ནགས་ཕག་མཚོའི་ཆུ་སྐྱོན་ཐག་གཅོད་བྱེད་པ། གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བཅས་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་དམ་འཛིན་བྱེད་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཚད་ལྡན་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། ཚོང་འགུགས་མ་འདྲེན་དམ་འཛིན་བྱས་ཏེ།ཚོང་འགུགས་ཀྱི་ཁོར་ཡུག་བཟང་པོ་གཏོད་པ་དང་། ཚོང་འགུགས་མ་འདྲེན་གྱི་དངོས་ཕན་རང་བཞིན་ཆེ་རུ་གཏོང་བ། ཚོང་འགུགས་མ་འདྲེན་གྱི་རྣམ་པ་གསར་གཏོད་བྱེད་པ། དམངས་འཚོའི་ལས་དོན་དམ་འཛིན་བྱས་ཏེ།སློབ་གསོ་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། སྤྱི་ཚོགས་འགན་ལེན་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་ལ་ལྷོད་གཡེང་མི་གཏོང་བར་དམ་འཛིན་ནན་པོ་བྱེད་པ་དང་། ཁྲིམས་ལྟར་བོད་སྐྱོང་གི་དར་ཆ་མཐོན་པོར་བསྒྲེངས་ནས་ནག་ཚོགས་གཙང་སེལ་གྱི་ལས་དོན་ནན་ཏན་ངང་སྤེལ་བ། མི་རིགས་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་པ། སྤྱི་པའི་བདེ་འཇགས་དོ་དམ་ཟབ་ཏུ་གཏོང་བ་བཅས་བྱེད་དགོས། སྤྱོད་ཚུལ་ལེགས་སྐྱོང་དམ་འཛིན་ལྷོད་མེད་དང་། འདུ་ཤེས་དང་ཡིད་ཆེས་བརྟན་པོ། ལས་ཀའི་བསམ་ཕྱོགས་གསར་གཏོད། ལས་ཀའི་སྤྲོ་སེམས་རྒྱུན་འཁྱོངས། ལས་ཀའི་ལས་ཆོད་ཆེར་གཏོང་། འགན་འཁྲི་འཁུར་ཕོད་པ་བཅས་བྱེད་དགོས།

ཁུལ་སྲིད་གཞུང་གིས་ཁུལ་དཔོན་གཞོན་པ་ཚའེ་ཝུའུ་ཁྲིན་དང་དབྱང་ཀྲེང་དབྱི།སུང་ཐའོ།ཁྲིན་ཕེང་།ཞུས་ཕེང་ཧྲེན།དྲུང་ཡིག་ཆེན་མོ་ཁྲེན་ཕིན་གྲོས་ཚོགས་ཞུགས་པ།