ཁུལ་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་འདུ་ཐེངས་33གཙོ་སྐྱོང་གནང་ཞིང་འཚོགས་པ།

རྩོམ་པ་པོ།   གཡང་མཚོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2019-04-25   རྩོམ་ཁུངས།    བདེ་ཆེན་ཉིན་རེའི་ཚགས་པར།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་4པའི་ཚེས་18ཉིན།ཁུལ་དཔོན་ཆི་ཅན་ཞིན་གྱིས་ཁུལ་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་འདུ་ཐེངས་33གཙོ་སྐྱོང་གནང་ཞིང་འཚོགས་པ།《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཙུའི་ལས་དོན་སྲོལ་ཡིག》་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གུང་ཧྲན་རྫོང་ཏུའུ་ལུང་ཅང་ཤང་གི་མང་ཚོགས་ལ་བསྐུར་བའི་འཕྲིན་ལན།ཞིང་ཡོངས་ཀྱི་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོ་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ། ཀྲུང་དབྱང་གི་ནག་ཚོགས་གཙང་སེལ་གྱི་ལྟ་སྐུལ་མཛུབ་ཁྲིད་ཚོ་ཆུང་20པས་ཡུན་ནན་ཞིང་ཆེན་གྱི་ལས་དོན་སྐུལ་སློང་ཚོགས་འདུའི་དགོངས་དོན་སོགས་ལ་ལྟ་སྐུལ་མཛུབ་ཁྲིད་གནང་བ་རེད།


    ཆི་ཅན་ཤིན་གྱིས་ཨ་ཧྥེ་རི་ཁའི་ཕག་པའི་འགོས་ནད་ཀྱི་སྔོན་འགོག་ཚོད་འཛིན་ལས་དོན་དམ་འཛིན་ནན་པོ་བྱེད་དགོས་པ་དང་། དབུལ་སྒྲོལ་འགག་སྒྲོལ་ལས་དོན་དམ་འཛིན་ཡག་པོ་བྱེད་དགོས། རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། རང་ཁུལ་གྱི་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ།