ལྷ་ཉིང་མཐོ་རིམ་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོར་རླངས་འཁོར་ཤར་གཏོང་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-04-28   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

        ཟླ4བའི་ཚེས26ཉིན་གྱི་སྔ་དྲོའི་ཆུ་ཚོད10པའི་ཐོག་སྐྲུན་ཡུན་ལོ་བཞི་འགོར་བའི་འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་དང་ལམ་ཚད་རིང་ཤོས་ཀྱི་བར་ལའི་ཕུགས་ལམ་ནང་རླངས་འཁོར་དངོས་སུ་ཤར་གཏོང་བྱས་པ་ལས་ལྷ་ཉིང་མཐོ་རིམ་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོར་རླངས་འཁོར་ཤར་གཏོང་ཐུབ་པ་མཚོན།

        བར་ལའི་ཕུག་ལམ་གྱི་ཆ་སྙོམས་ས་བབ་མཐོ་ཚད་ལ་སྨི4750ཡོད་པ་དང་ཕུག་ལམ་དེ་ནི་ཁྲོན་བོད་ལྷ་ཉིང་དུམ་བུའི་གཙོ་གནད་ཚོད་འཛིན་རང་བཞིན་གྱི་མཐོ་རིམ་གཞུང་ལམ་ལས་གཞི་ཞིག་ཡིན་ཞིང་།  དེ་ཀྲུང་གོ་ལྕགས་ལམ་ཅུའུ་གཉིས་པ་དང་བཅུ་གཉིས་པས་ཐུན་མོང་ཐོག་སྐྲུན་ཞིང་ཕྱོགས་རེ་ནས་རླངས་འཁོར་གཉིས་སྒྲིག་ཏུ་སྐྱོད་ཐུབ་པའི་མཐོ་རིམ་གཞུང་ལམ་ཞིག་ཡིན།

        རྒྱུས་ལོན་པ་ལྟར་ན།  ལྷ་ཉིང་མཐོ་རིམ་གཞུང་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ400ཙམ་ཡོད་པ་དང་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར380བཏང་ཡོད་ཅིང2013ལོའི་ཟླ5བར་ལས་གཞི་དངོས་སུ་སྐྲུན་འགོ་ཚུགས་པ་ཡིན།  །