2019ལོའི་ལས་གཏོད་ཀྱི་རྣམ་པ་གསར་བ་སྐྲུན་ནས་ཕུགས་འདུན་གསར་བའི་ལམ་ལ་སྙེགས་ཞེས་པའི་ཡུན་ནན་ལས་གཏོད་འགྲན་ཚོགས་ཆེན་མོ་བདེ་ཆེན་འགྲན་ཁུལ་གྱི་ཐོག་མའི་འགྲན་བསྡུར་སྤེལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-04-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན། གུང་གཞོན་ཚོགས་པ་བདེ་ཆེན་ཁུལ་ཨུ་དང་ཁུལ་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སོགས་ཁུལ་རིམ་པའི་སྡེ་ཁག་9ཡིས་མཉམ་དུ་2019ལོའི་ལས་གཏོད་ཀྱི་རྣམ་པ་གསར་བ་སྐྲུན་ནས་ཕུགས་འདུན་གསར་བའི་ལམ་ལ་སྙེགས་ཞེས་པའི་ཡུན་ནན་ལས་གཏོད་འགྲན་ཚོགས་ཆེན་མོ་བདེ་ཆེན་འགྲན་ཁུལ་གྱི་ཐོག་མའི་འགྲན་བསྡུར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཟློས་གར་ཁང་ནས་སྤེལ་བ་རེད།

        ཐེངས་འདིའི་འགྲན་བསྡུར་ཁྲོད། རང་ཁུལ་གྱི་ན་གཞོན་ལས་གཏོད་པ་20ལྷག་གིས་སྤོབས་པ་དང་སྤྲོ་སྣང་ཡོད་པའི་སྒོ་ནས་རང་ཉིད་ཀྱི་ལས་གཏོད་གཏམ་རྒྱུད་རྒྱ་ཆེའི་ལྟ་མཁན་རྣམས་ལ་བཤད་པ་རེད།

        2016ལོར། ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱས་པའི་ལུའོ་མིང་ཞན་གྱིས་འབྲི་ཆུའི་འགྲམ་རྒྱུད་དུ་ཁྲོ་ཐན་སེ་པན་བཏབས་ཤིང་། ལོ་འདི་དག་གི་རིང་ལ་ཁོ་མོས་ཀུང་སི་བཙུགས་ལ་ཕྱོགས་མང་བོའི་འཕེལ་རྒྱས་ལ་འབད་པ་བྱས་ཏེ། གྲོང་མི་ཡོངས་དབུལ་སྒྲོལ་ཐུབ་པར་རོགས་འདེགས་བྱས་པ་རེད། འགྲན་བསྡུར་གྱི་ཁྲོད་ནས་ཁོ་མོས་སེ་པན་ཆུང་ཆུང་། ཕུགས་བསམ་ཆེ་ཆེ་ཞེས་པ་བརྗོད་གཞི་གཏམ་བཤད་སྤེལ་ཞིང་། གཏམ་བཤད་ལ་དཔྱད་འདེམས་པ་རྣམས་ཀྱི་གདེང་འཇོག་ཚད་མཐོན་པོ་ཐོབ་སྟེ། མཐར་འགྲན་བསྡུར་གྱི་བྱ་དགའ་ཨང་དང་བོ་ཐོབ་པ་རེད།

        བཀྲ་ཤིས་ཆོས་འཕེལ་ནི་ཉི་ཤར་རྫ་ནག་ལས་བཟོའི་རྒྱུད་འཛིན་པ་ཡིན་ལ། དུས་ཡུན་རིང་བོའི་རིང་ལ་ཁོས་འདར་སྒྲ་སོགས་གཉེན་ཆས་ཀྱི་འཕྲིན་སྟེགས་བརྒྱུད་ནས་རྫ་ནག་གི་ལག་རྩལ་འགྲེམ་སྟོན་བྱས་ལ། ཁོས་དྲ་ལམ་སྨྱན་སྦྱོར་སོགས་ཀྱི་རྣམ་པས་མི་རིགས་རིག་གནས་དྲིལ་བསྒྲགས་བྱས་ནས། རྫ་ནག་ལག་རྩལ་ལ་སྟེར་ཆེན་པོ་ཞིག་བསྐྲུན་པའི་རེ་བས་ཁེངས་ཡོད་པ་རེད། ཐེངས་འདིའི་འགྲན་ཁྲོད་ཁོར་བྱ་དགའ་ཨང་གཉིས་པ་ཐོབ།

        འབྲི་ཆུའི་འགྲམ་རྒྱུད་ཀྱི་ཞིང་བའི་སྤྲོད་སྐྱིད་ར་བའི་ཕྱོགས་བསྡུས་ཁང་ལས་པར་འབད་བརྩོན་བྱེད་བཞིན་པའི་དབྱང་ཀྲེང་གོ་ཡིས་རྣམ་པ་ལྷན་རྒྱས་ལ་ཟ་མ་དང་མགྲོན་ཁང་། འགྲུལ་སྐྱེལ། ཡུལ་སྐོར། ཉོ་བསྒྲུབ། རོལ་རྩེད་སོགས་གཅིག་བསྡུས་རང་བཞིན་གྱི་གྲོང་གསེབ་ཡུལ་སྐོར་ངོ་སྤྲོད་བྱས་ཤིང་། 2015ལོ་ནས་བཟུང་ཁོས་གསར་སྤེལ་ཆེར་སྐྱེད་བྱེད་པའི་ལས་གཏོད་གཏམ་རྒྱུད་ཀྱིས་རྣམ་པ་ལྷན་རྒྱས་ལ་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་བར་རྒྱུས་ལོན་ཐུབ་བྱས་པ་རེད། ཁོར་ཐེངས་འདིའི་འགྲན་བསྡུར་ཁྲོད་བྱ་དགའ་ཨང་གསུམ་བ་ཐོབ་པ་རེད།

        འགྲན་བསྡུར་ལ་པེ་ཅིང་དང་ཧྲང་ཧའེ། ཁུན་མིང་སོགས་ནས་ཡོང་བའི་ཆེད་མཁས་པ་དང་གྲགས་ཆེའི་ཁེ་ལས་ཀྱི་འགན་འཛིན་པ། ལས་གཏོད་སློབ་སྟོན་དགེ་རྒན། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སོགས་ཀྱི་འབྲེལ་ཡོད་འགན་འཛིན་པ་དང་མི་སྣ་གདན་འདྲེན་བྱས་ནས་འཛུམ་སྟོན་དགེ་རྒན་གྱི་འགན་ཁུར་ཡོད་ལ། ཁོ་ཚོའི་ལས་གཞིའི་མདུན་ལྗོངས་དང་ཁེ་སྤོགས་ལེན་པའི་རྣམ་པ། མ་རྩ་བསྡུ་རུབ་ཀྱི་བྱེད་ཐབས། འཚོང་ལམ་སོགས་ཕྱོགས་མང་བོའི་ཐད་ནས་འགྲན་ཞུགས་པ་རྣམ་ལ་དྲི་བ་བཏོན་པ་མ་ཟད། ལྷག་བསམ་རྣམ་དག་གིས་རེ་བ་དང་བསམ་འཆར་བཏོན་པ་རེད།

       འགྲན་བསྡུར་ཁྲོད་བློ་བཟང་སྒྲོལ་མ་དང་ཡེ་ཤེས་ཆོས་མཚོ། ཧོ་ཝུན་སོགས་ལ་ཕུལ་བྱུང་རྩ་འཛུགས་པའི་བྱ་དགའ་ཐོབ་ལ། ཀྲང་ཧ་དང་བློ་བཟང་ཤེས་རབ་སོགས་ལ་ཕུལ་བྱུང་འགྲན་ཞུགས་པའི་བྱ་དགའ་ཐོབ་པ་རེད།