རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-05-05   རྩོམ་ཁུངས།    མི་དམངས་དྲ་བ།
ལྔ་བཞིའི་ལས་འགུལ་སྤེལ་ནས་ལོ་100འཁོར་བར་གཟབ་རྒྱས་ངང་དྲན་གསོ་ཞུ་བ་དང་། བོད་ལྗོངས་ཀྱི་རྒྱ་ཆེའི་མཐོ་སློབ་དགེ་སློབ་ཚོའི་སྣེ་ཁྲིད་དེ་རྒྱལ་གཅེས་རིང་ལུགས་སྲོག་ཤིང་དུ་བྱེད་པའི་ལྔ་བཞིའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་ཆེད། ཟླ་5ཚེས་3ཉིན། “ལང་ཚོའི་སེམས་པ་ཏང་ལ་ཕྱོགས། དུས་རབས་གསར་པར་ལེགས་སྐྱེལ་འབུལ”ཞེས་པའི་ལྔ་བཞིའི་ལས་འགུལ་སྤེལ་ནས་ལོ་100འཁོར་བར་དྲན་གསོ་ཞུ་བའི་རིག་རྩལ་འཁྲབ་སྟོན་དང་བོད་རང་སྐྱོང་ལྗོངས་ཀྱི་སྐབས་བཞི་པའི་སློབ་གྲྭ་ཆེ་མོ་བའི་སློབ་གྲྭའི་རིག་གནས་སྒྱུ་རྩལ་དུས་ཆེན་བོད་ལྗོངས་སློབ་ཆེན་དུ་འགོ་ཚུགས་པ་དང་། བོད་ལྗོངས་ཀྱི་མཐོ་སློབ་7ནས་ཡོང་བའི་ན་གཞོན་སློབ་གྲྭ་ཆེ་མོ་བ་3000ལྷག་ཙམ་ཐེངས་འདིའི་བྱེད་སྒོར་ཞུགས་ཡོད་པ་རེད།
སྒྱུ་རྩལ་དུས་ཆེན་གྱི་བྱེད་སྒོ་དེ་ད་ལོའི་ཟླ་6པའི་ཟླ་མཇུག་བར་གཉེར་རྒྱུ་ཡིན་པ་དང་། “དགའ་ཞེན་བཞི་དང་སྣང་ཆེན་བཞི”ཡི་བརྗོད་དོན་གཙོ་བོའི་སློབ་གསོ་དང་། “ན་གཞོན་གྱི་སློབ་སྦྱོང་ཆེན་པོ་” ཚན་རིག་ཤེས་བྱ་སློབ་གྲྭར་བསྐྱོད་པ། སྙན་ངག་གྱེར་འདོན་འགྲན་བསྡུར། ཡིག་གཟུགས་དང་། རི་མོ། པར་ལེན་བཅས་ཀྱི་འགྲན་བསྡུར། ཕུལ་བྱུང་སློབ་མའི་ཚོགས་པ་བཅུའི་འགྲེམས་སྟོན་དཔྱད་བསྡུར། རྩོད་གླེང་འགྲན་བསྡུར་ཆེ་མོ། གཞས་པའི་འགྲན་བསྡུར་ཆེ་མོ། ཞབས་བྲོའི་འགྲན་བསྡུར་ཆེ་མོ་སོགས་རྣམ་གྲངས་9ཡི་རིམ་སྤེལ་བྱེད་སྒོ་དབྱེ་ཡོད་ཅིང་། བོད་རང་སྐྱོང་ལྗོངས་ཀྱི་མཐོ་སློབ་7གྱིས་གཉེར་འགན་འཁུར་བ་དང་། ན་གཞོན་སློབ་གྲྭ་ཆེན་མོ་བ་སྟོང་ལྷག་ཐད་ཀར་དེའི་ནང་ཞུགས་པ། སློབ་གྲྭར་ཡོད་པའི་ན་གཞོན་སློབ་གྲྭ་ཆེ་མོ་བ་32000ལྷག་ལ་ཁྱབ་ཡོད་པ་རེད།