ཡུལ་སྐོར་བ་འབའ་ལྷག་དཀར་རྫོང་ལྗོངས་ཁུལ་གྱི་མཁའ་མཐོའི་ཐག་ཤུད་ལ་སྤྲོ་སྣང་ཆེ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-05-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        དབྱར་ཁའི་བདེ་ཆེན་མཐོ་སྒང་ནི་ཆེས་མཛེས་སྡུག་ལྡན་ལ་ཡིད་དབང་འཕྲོག་པའི་དུས་ཚིགས་ཤིག་ཡིན་པས། རྒྱལ་ཁབ་ཕྱི་ནང་ཀུན་གྱི་ཡུལ་སྐོར་བ་མང་བོ་ཡང་དུས་ཚིགས་འདི་དང་བསྟུན་ནས་བདེ་ཆེན་དུ་ཡུལ་སྐོར་ལ་ཡོང་བཞིན་ཡོད། པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་དང་འབའ་ལྷག་དཀར་རྫོང་སོགས་ཀྱི་ལྗོངས་ཁུལ་ནི་ཡུལ་སྐོར་བའི་དམིགས་ས་གཙོ་བོ་ཡིན་ལ། ལྗོངས་ཁུལ་དེ་དག་གི་ཁྲོད་འབའ་ལྷག་དཀར་རྫོང་ལྗོངས་ཁུལ་གྱི་མཁའ་མཐོའི་ཐག་ཤུད་ནི་ཡུལ་སྐོར་བ་མང་བོའི་མྱོང་རོལ་གྱི་རྣམ་གྲངས་གཙོ་བོར་གྱུར་ཡོད།

        ད་ལོའི་ཟླ་བ་3པའི་ཚེས་17ཉིན། འབའ་ལྷག་དཀར་རྫོང་ལྗོངས་ཁུལ་གྱི་མཁའ་མཐོའི་ཐག་ཤུད་ཀྱི་རྣམ་གྲངས་དངོས་སུ་ཚོང་གཉེར་བྱེད་འགོ་བརྩམས་ལ། མཁའ་མཐོའི་ཐག་ཤུད་ཀྱི་སྤྱིའི་རིང་ཚད་ལ་སྨི་425ཡོད། ས་ངོས་དང་ཆེས་མཐོ་བའི་བར་ཐག་ལ་སྨི་800ཡོད་ལ། ཐག་མགོ་ནས་ཐག་སྣེའི་བར་ཤུད་ན་ཕེལ་ཆར་སྐར་ཆ་45ཡས་མས་དགོས་པ་རེད།

        མཁའ་མཐོའི་ཐག་ཤུད་ཀྱི་འཛིན་བྱང་ལ་མི་རེར་སྒོར་120ཡིན་ལ། དེ་ཡང་ཡུལ་སྐོར་བའི་བདེ་འཇགས་ལ་ཁག་ཐེག་བྱ་ཆེད་མཁའ་མཐོའི་ཐག་ཤུད་ཀྱི་རྣམ་གྲངས་འདིར་བདེ་འཇགས་ལྭ་བ་བསྐོན་རྒྱུ་དང་བདེ་འཇགས་རྒྱུན་ཤེས་གསལ་བཤད་བྱེད་པར་ཆེད་ལས་མི་སྣ་གདན་འདྲེན་བྱས་ཡོད་པ་རེད།

        ཡུལ་སྐོར་བ་མང་བོས་མཁའ་མཐོའི་ཐག་ཤུད་ལ་རོལ་རྗེས་ཐག་ཤུད་སྐབས་སུ་མཐོང་ཐུབ་པའི་འབའ་ལྷག་དཀར་རྫོང་གི་རི་ཆུ་ནགས་གསུམ་གྱི་མཛེས་ལྗོངས་ལ་བསྟོད་པ་ཡང་ཡང་བྱེད་སྲིད་པ་རེད།