ཝང་དབྱང་གིས་པེ་ཅིང་བོད་ལྗོངས་རིག་གནས་དངོས་མང་བཤམས་སྟོན་ཁང་དུ་གཟིགས་ཞིབ་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-05-09   རྩོམ་ཁུངས།    མཚོ་སྔོན་བོད་སྐད་རླུང་འཕྲིན།

 

     ཀྲུང་གོ་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལུས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཉེ་ལམ་པེ་ཅིང་བོད་ལྗོངས་རིག་གནས་དངོས་མང་བཤམས་སྟོན་ཁང་དུ་བོད་ལྗོངས་དམངས་གཙོ་བཅོས་བསྒྱུར་བྱས་ནས་ལོ་འཁོར་དྲུག་ཅུ་ལོན་པའི་ཆེད་དོན་འགྲེམས་སྟོན་ལ་གཟིགས་ཞིབ་བྱས།
     ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གོ་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལུས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཉེ་ལམ་པེ་ཅིང་བོད་ལྗོངས་རིག་གནས་དངོས་མང་བཤམས་སྟོན་ཁང་དུ་བོད་ལྗོངས་དམངས་གཙོ་བཅོས་བསྒྱུར་བྱས་ནས་ལོ་འཁོར་དྲུག་ཅུ་ལོན་པའི་ཆེད་དོན་འགྲེམས་སྟོན་ལ་གཟིགས་ཞིབ་བྱས།  ཝང་དབྱང་གིས་བསྟན་དོན།  ལོ་ངོ་དྲུག་ཅུའི་ཡར་སྔོན་ལ་བོད་ལྗོངས་ཀྱིས་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་ལམ་ལུགས་མེད་པར་བཏང་བ་ནི་བོད་ལྗོངས་ཀྱི་ལོ་རྒྱུས་སྟེང་རླབས་ཆེ་ཞིང་དོན་སྙིང་ཡོད་པའི་སྤྱི་ཚོགས་ཀྱི་འགྱུར་ལྡོག་ཅིག་ཡིན། ལོ་ངོ་དྲུག་ཅུ་དང་ལྷག་པར་ཏུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་བོད་ལྗོངས་ཀྱི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་པ་ལ་བཅིངས་འགྲོལ་ཆེན་པོ་ཐོན། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་སོང་ཞིང་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་སྲུང་སྐྱོབ་གང་ལེགས་བྱས། དམངས་གཙོ་བཅོས་བསྒྱུར་མེད་ན་བོད་ལྗོངས་མི་དམངས་ལ་བཅིངས་འགྲོལ་དང་བདེ་སྐྱིད་ཀྱི་འཚོ་བ་མེད་ཟེར།      
     ཝང་དབྱང་གིས་བསྟན་དོན། ད་ལྟའི་བོད་ལྗོངས་ལ་གྲུབ་འབྲས་འདི་ལྟ་བུ་ཐོབ་པ་ནི་ལས་སླ་མོ་ཞིག་མིན་པས་དེ་ལ་གཙིགས་འཛིན་བྱས་ཏེ་ཀྲུང་གོ་གུང་ཁྲན་ཏང་དང་སྤྱི་ཚོགས་རིང་ལུགས། མི་རིགས་ས་ཁོངས་རང་སྐྱོང་གི་ལམ་ལུགས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ་ཞི་ཅིན་ཕིང་གིས་སྣེ་ཁྲིད་པའི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རང་ལུགས་ཀྱི་བསམ་བློའི་འཛུབ་སྟོན་འོག་ཏུ་བོད་ལྗོངས་ཀྱི་དར་རྒྱས་གོང་འཕེལ་དང་དུས་བདེ་ཞོད་འཇགས་ཀྱི་རྣམ་པ་གསར་བ་གྲུབ་པར་བྱ་དགོས་ཟེར།