རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-05-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན། བདེ་ཆེན་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་ཐེངས་34པ་འཚོགས་པ་དང་ཁུལ་དཔོན་ཆི་ཅན་ཞིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
གྲོས་ཚོགས་ཐོག་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐེངས་14པའི་ཐུན་མོང་སློབ་སྦྱོང་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན། ཞིང་ཆེན་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲོང་གསེབ་ཀྱི་ཁང་པ་ཉེན་ཅན་བསྒྱུར་བཀོད་བྱེད་པའི་ཡུལ་དངོས་སྐུལ་འདེད་ཚོགས་འདུའི་དགོངས་པ། ཏང་དང་སྲིད་གཞུང་གི་འགོ་ཁྲིད་ལས་བྱེད་པའི་དཔྱད་ཞིབ་ལས་ཀའི་སྲོལ་ཡིག དེ་མིན་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སྲིད་གཙང་ལས་དོན་གྱི་ཚོགས་འདུའི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྲིད་གཞུང་གི་གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་དོ་དམ་ལས་ཀའི་སྙན་སེང་ཉན་པ་རེད།
གྲོས་ཚོགས་ཐོག་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་གྱི་སེམས་ཀྱི་ཉི་ཟླའི་ཡང་ཐང་ས་ཚུགས་ཀྱི་ཆ་སྒྲིག་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་འབྲེལ་བའི་གནད་དོན་སྐོར་གྱི་དགོངས་སྐོར་དང་། ཁུལ་དར་འཕེལ་སྒྱུར་བཅོས་ཨུ་ལྷན་གྱིས་བདེ་ཆེན་ཁུལ་གྱིས་བར་སྣང་དམའ་པོའི་ཡུལ་སྐོར་ཐག་ཉེའི་སྐྱེལ་འདྲེན་སྤེལ་བའི་རྣམ་གྲངས་ཀྱི་འཆར་འགོད་ཡིག་ཆ་སྐོར་གྱི་དགོངས་སྐོར། ཁུལ་དར་འཕེལ་སྒྱུར་བཅོས་ཨུ་ལྷན་གྱིས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་11.03འབྲི་ཆུའི་ཆུ་ལོག་གི་གནོད་སྐྱོན་བྱས་རྗེས་ཀྱི་བསྐྱར་སྐྲུན་འཆར་འགོད་སྐོར་གྱི་དགོངས་སྐོར་སོགས་ཀྱི་དོན་ཚན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
གྲོས་ཚོགས་ཐོག་བསྟན་དོན། མིག་སྔར། རང་ཁུལ་གྱི་རྣམ་གྲངས་འཛུགས་སྐྲུན་ལས་ཀ་ལ་ལས་འགན་ལྗིད་པོ་ཡོད་པ་དང་། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྔར་ལས་ལྷག་པར་བསམ་བློ་བཅིངས་འགྲོལ་བཏང་བ་དང་འདུ་ཤེས་གསར་སྒྱུར་བྱས་ནས། རྣམ་གྲངས་ཁག་གི་གཙོ་གནད་ལས་ཀ་ལ་ཚད་མཐོའི་མཐོང་ཆེན་གནང་དགོས། དུས་ཚོད་དམ་འཛིན་བྱས་ནས་ལས་འགན་གྱི་གསལ་ཐོ་དང་བྱ་སྤྱོད་ཀྱི་འཆར་གཞི་གཏན་འབེབས་བྱེད་པ་དང་ནུས་ལྡན་ངང་འཛུགས་སྐྲུན་ལས་འགན་ཁག་གནས་སུ་འབྱོར་བར་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་ཐོག་རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་སྔར་ལས་ལྷག་པར་འགན་འཁྲིའི་འདུ་ཤེས་དྲག་པོར་གཏོང་དགོས་པ་དང་། ནན་ཏན་ངང་ལས་ཀའི་བསམ་བློ་གསལ་འབྱེད་བྱེད་དགོས་པ་དང་ལས་ཀའི་གཙོ་གནད་ཁ་གསལ་བྱེད་དགོས། སྔར་ལས་ལྷག་པར་ལས་ཀའི་བྱེད་ཐབས་ཞིབ་ཏུ་བཏང་བ་དང་སྙན་སེང་དང་བརྩོན་ལེན་བྱེད་ཤུགས་ཆེར་བཏང་ནས། གཙོ་གནད་ཀྱི་ལས་ཀ་ཁག་དུས་ལྟར་སྤུས་ཀ་དང་གྲངས་འབོར་གཉིས་ཀ་འགན་ལེན་བྱས་ནས་སྐུལ་འདེད་གཏོང་ཐུབ་པར་ཁག་ཐེག་བྱེད་དགོས་ཞེས་པའི་བླང་བྱ་བཏོན་པ་རེད།