འཇོལ་རྫོང་དཔེ་མཛོད་ཁང་དུ་ལོ་བརྒྱའི་དཔེ་རྙིང779ཉར་ཚགས་བྱས་ཡོད་པ།

རྩོམ་པ་པོ།   རྒྱ་མཚོ།  ཡིག་བསྒྱུར།       དུས་ཚོད།   2019-05-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

     ཉེ་ཆར་འཇོལ་རྫོང་དཔེ་མཛོད་ཁང་གིས་དམིགས་བསལ་ཅན་གྱི་དཔེ་དེབ་ཁག་ཅིག་ཡོངས་བསྒྲགས་བྱས་པ་དང་། དཔེ་དེབ779ཡི་ཁྲོད་དུ་ཧྥ་རན་སིའི་ཡི་གེ་དང་།  ལ་ཏིང་ཡི་གེ  དབྱིན་ཡིག  བོད་ཡིག་གི་གནའ་གཞུང་དཔེ་དེབ་བཅས་འདུས་ཡོད།   


འཇོལ་རྫོང་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་ཡོད་པའི་དཔེ་དེབ།

      ཐོག་མའི་རགས་རྩིས་བྱས་པར་གཞིགས་ན།    ཉར་ཚགས་བྱས་པའི་དཔེ་དེབ་779ཡི་ནང་དུ།   ཧྥ་རན་སིའི་ཡི་གེ་དང་ལ་ཏིང་ཡི་གེའི་བརྩམས་ཆོས་ཀྱིས་གྲངས་ཀ་མང་པོ་ཞིག་ཟིན་ཡོད་ཅིང་།  དབྱིན་ཡིག་དང་འཇར་མན་གྱི་ཡི་གེའི་ལམ་ནས་བརྩམས་པའི་དེབ་གཅིག་ལས་མེད།     དེའི་ནང་ད་དུང་བོད་ཡིག་དང་།   བོད་རྒྱ་སྐད་ཡིག་ཤན་སྦྱར།      བོད་ཡིག་དང་ཧྥ་རན་སིའི་སྐད་གཉིས་ཤན་སྦྱར་གྱི་བརྩམས་ཆོས་སྐོར་ཞིག་ཀྱང་འདུས་ཡོད།    གཞན་རིན་ཐང་ཅུང་ཆེ་བའི་ཆོས་སྤེལ་མཁན་ཚོའི་ལོ་རེའི་ཚགས་པར་དང་།   རྩིས་ཐོ།   སློབ་དེབ།    ལག་བྲིས་སོགས་ཡོད།   ཉར་ཚགས་བྱས་པའི་དཔེ་དེབ་འདི་དག་གི་ནང་ནས་དཔེ་དེབ་མང་ཆེ་ཤོས་ནི་རྒྱུན་ཆད་པའམ་རྒྱུན་ཆད་ལ་ཉེ་བའི་པར་གཞི་ཡིན་པ་དང་།   དཔེ་དེབ་འདི་དག་གིས་འཇོལ་རྫོང་གི་ལོ་རྒྱུས་དང་།   དེ་བཞིན་བདེ་ཆེན་བོད་ཁུལ་དང་ནུབ་ཕྱོགས་བར་གྱི་རིག་གནས་འབྲེལ་འདྲིས་སྐོར་ལ་ཞིབ་འཇུག་གི་རིན་ཐང་འདོན་ཐུབ་རྒྱུ་རེད།  

འབྲེལ་ཡོད་འགན་འཁུར་བས་དཔེ་རྙིང་ལ་གཟིགས་བཞིན་པ།

བོད་ཡིག་གི་ལམ་ནས་བྲིས་པའི་ནང་དོན་ཚན་པ་ཞིག

    འཇོལ་རྫོང་དཔེ་མཛོད་ཁང་གི་འགན་འཁུར་བ་ཕུན་ཚོགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན།  མིག་སྔར་དཔེ་མཛོད་ཁང་གིས་དམིགས་བསལ་དཔེ་དེབ་ཀྱི་དཀར་ཆག་རྩོམ་སྒྲིག་བྱེད་པའི་ལས་དོན་ལེགས་འགྲུབ་བྱུང་ཚར་ཡོད།    དམིགས་བསལ་དཔེ་དེབ་འདི་དག་གིས་ནུས་པ་ཆེན་པོ་ཞིག་འདོན་སྤེལ་བྱ་ཆེད།   ལོ་བཞིའི་སྔོན་དུ་འཇོལ་རྫོང་དཔེ་མཛོད་ཁང་གིས་ཞིང་ཆེན་དང་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་ལ་མངགས་བཅོལ་བྱས་ཏེ་དེའི་ཁྲོད་དུ་དཔེ་དེབ་འགའ་ལོ་ཙཱ་བྱས་ཤིང་།  མིག་སྔར་ཡིག་སྒྱུར་ལས་དོན་མཇུག་འགྲིལ་ལ་ཉེ་བ་ཡོད།    ཉར་ཚགས་ཀྱི་ཐད་ལ་དཀའ་ལས་མི་ཉུང་བ་ཞིག་འཕྲད་ནས་དཔེ་དེབ་ཀྱི་མགོ་ཤོག་ལ་ཆད་ཧྲུལ་རེ་འགའ་ཤོར་ན་ཡང་།    དཔེ་དེབ་དེ་དག་གི་ནང་དོན་ཉར་ཚགས་བྱས་པ་ཧ་ཅང་ལེགས་པོ་ཡོད་ཟེར།   

དཔེ་རྙིང་ཁག་ཅིག

འདྲ་པར་ཁག་ཅིག

     གོམ་སྟབས་རྗེས་མར་འཇོལ་རྫོང་དཔེ་མཛོད་ཁང་གིས་འབད་འབུངས་ཡར་བརྩོན་གྱིས་དཔེ་རྙིང་སྲུང་སྐྱོང་དང་ཡིག་སྒྱུར་གྱི་ལས་དོན་ཡག་པོ་བསྒྲུབས་ནས་པར་རྒྱུན་ཆད་ལ་ཉེ་བའི་དམིགས་བསལ་དཔེ་དེབ་འདི་དག་ཀུན་གྱི་སྤྱན་སྔར་འབུལ་རྒྱུའི་རེ་བ་བཅང་བཞིན་ཡོད།   


རྩིས་ཐོ།