རྩོམ་པ་པོ།   ཡུས་ལི་ཆིང་།  ཡིག་བསྒྱུར།       དུས་ཚོད།   2019-05-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
ཟླ་5པའི་ཚེས་12ཉིན་ནས་ཚེས་13ཉིན་གྱི་བར། འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་ཆུ་འཛོམས་སྡེ་བའི་ལྕགས་ཟམ་གནའ་ཤུལ་དུ་སྐབས་དང་པོའི་དངོས་མིན་ཤུལ་བཞག་རིག་གནས་ཡུལ་སྐོར་དུས་ཆེན་སྤེལ་ཡོད། མང་ཚོགས་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་།དམངས་ཁྲོད་ཀྱི་མི་རིགས་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་བྱེད་པ་མངོན་པར་བྱས་ཡོད།
འགོ་རྩོམ་པའི་ཡུལ་དངོས།
མཛད་སྒོའི་ཐོག་སྨོན་ལམ་འདེབས་པ་དང་ལྷ་བསང་གཏོང་བ། རྟ་བསྟོད་དང་། དཔའ་བོའི་བསྟོད་པ། ཆང་བསྟོད། ཇ་བསྟོད་སོགས་ཀྱི་འཁྲབ་སྟོན་བྱས་ཤིང་། ད་རེས་ཀྱི་ཡུལ་སྐོར་དུས་ཆེན་ནི་འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་ཤིང་། ཆུ་འཛོམས་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་དང་། འབའ་ལུང་མ་ཎི་རྡོ་འབུམ་བོད་ཡིག་རིག་གནས་བརྒྱུད་སྤེལ་ཚད་ཡོད་ཀུང་ཟིས་སྒྲུབ་འགན་འཁུར་བ་རེད། བྱ་འགུལ་གྱི་བརྗོད་གཞི་ནི་མ་ཡུམ་ལ་དགའ་བ་དང་།ཕ་ཡུལ་ལ་དགའ་བ། མེས་རྒྱལ་ལ་དགའ་བ་བཅས་ཡིན། འཁྲབ་སྟོན་གྱི་རྣམ་པ་ཡང་མ་ཡུམ་ལ་བཀའ་དྲིན་ཞུ་བ་དང་། དམ་པ་གནས་ཀྱི་མདའ་འཕེན་པ། དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་འཁྲབ་སྟོན་བྱེད་པ་བཅས་ཁག་གསུམ་དབྱེ་ཡོད་པ་རེད།
བསང་མཆོད་བྱེད་པ།
གེ་སར་སྒྲུང་བཤད་བཞིན་པ།
མ་ཡུམ་ལ་བཀའ་དྲིན་ཞུ་བའི་ལས་རིམ་དང་འབྲེལ་ཚང་མས་ཨ་མར་དྲིན་གཟོ་ཤེས་དགོས་པ་དང་།མེས་རྒྱལ་ལ་དྲིན་གཟོ་དགོས་པ། དྲིན་གཟོའི་སྐད་ཆ་བཤད་པ་དང་། དྲིན་གཟོའི་ལས་ཀ་བསྒྲུབ་པ། གཞན་ལ་རོགས་རམ་བྱེད་པ། རིག་གནས་ཀྱི་དྲང་ནུས་བརྒྱུད་སྤྲོད་བྱེད་པ། དྲིན་ལན་གྱི་འདུ་ཤེས་གང་སར་ཁྱབ་པར་བྱེད་པ་སོགས་ཀྱི་འབོད་སྐུལ་གནང་ཡོད།
ཡུལ་དངོས་ཀྱི་རྣམ་པ།
མདའ་འཕེན་པའི་གོ་རིམ་ཁྲོད། དམངས་ཁྲོད་ཀྱི་མདའ་འཕེན་ལ་དགའ་མཁན་རྣམས་ཀྱིས་མདའ་འཕེན་པའི་འགྲན་བསྡུར་རྩ་འཛུགས་བྱས་ཏེ་དགེ་མཚན་ལྡན་ཞིང་སྐྱོན་དང་བྲལ་བའི་སྲོལ་རྒྱུན་མདའ་འཕེན་བྱ་འགུལ་དར་སྤེལ་བཏང་ནས་གྲོང་གསེབ་ཀྱི་ཡུལ་སྐོར་ལ་སྐུལ་འདེད་བཏང་པ་རེད། དེ་ནི་ཤུལ་བཞག་རིག་གནས་ཀྱི་ལྷུ་ཚིགས་ཤིག་ཡིན་ཞིང་།གེ་སར་སྒྲུང་དང་མཐའ་ཆུའི་རས་པ། སྲོལ་རྒྱུན་གྱི་སྐོར་བྲོ་ལ་སོགས་སྲོལ་རྒྱུན་རིག་གནས་འགྲེམས་སྟོན་བྱས་ནས་ཤུལ་བཞག་རིག་གནས་ཀྱི་རིན་ཐང་ངོམས་ཡོད།
མ་ཡུམ་ལ་བཀའ་དྲིན་ཞུ་བའི་ཚན་པ།
མདའ་འཕེན་པ།
མཐའ་ཆུ་གྲོང་རྡལ་ནི་འབའ་ལུང་རྫོང་མཁར་གྱི་བྱང་ཤར་རྒྱུད་དུ་གནས་ཤིང་། གཙོ་བོ་བོད་རིགས་དང་། འཇང་རིགས། ལི་སུའུ་རིགས། རྒྱ་རིགས། དབྱི་རིགས། པའེ་རིགས། ཕུའུ་སྨི་རིགས། ཧུའེ་རིགས་སོགས་མི་རིགས་བརྒྱད་གནས་ཡོད་པར་མ་ཟད།མི་རིགས་མང་པོ་དང་ཆོས་ལུགས་མང་པོ་མཉམ་གནས་དང་། མི་རིགས་འཆམ་མཐུན་མཉམ་གནས། ཐུན་མོང་འཕེལ་རྒྱས། མཉམ་འདྲེས་མཉམ་གནས་བཅས་ཡོང་བར་བྱས་ནས། ཁྱོད་ཀྱི་ཁྲོད་དུ་ང་ཡོད་པ་དང་། ང་ཚོའི་ཁྲོད་དུ་ཁྱོད་ཡོད་པའི་རིག་གནས་མཉམ་འདྲེས་ཀྱི་སྣང་ཚུལ་ཆགས་ཡོད་པ་རེད།