སྙིང་སྨན་གྱི་ཕན་ནུས་དང་གཏོང་སྟངས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-05-15   རྩོམ་ཁུངས།    迪庆藏文传媒

 


     བདུད་རྩི་བཅུ་གཅིག བསིལ་དྲོད་སྙོམས། བཟི་མེད།

  ཕན་ནུས། སྙིང་རླུང་དང་།བད་རླུང་།བད་ཁྲག་སོགས་ལ་ཕན།

  གཏོང་སྟངས། ཉིན་རེར་ཐེངས་གཅིག ཐེངས་རེར་རིལ་བུ་བཞི་ནས་ལྔ།

  བི་མ་ལ། བསིལ་དྲོད་སྙོམས། བཟི་མེད།

  ཕན་ནུས། སྙིང་མི་དགའ་བ་དང་། ཤེས་པ་འཕྱོ་ཞིང་བློ་འཚུབས་པ། རོ་སྟོད་ན་ཞིང་རྒྱབ་མདུན་གཟེར་བ། དྲན་པ་མི་གསལ་བ།བརྗེད་ངེས་ཆེ་ཞིང་དབུགས་སྣ་ཇུང་བ། ཁྱད་པར་སྙིང་རླུང་ནད་ལ་ཕན།

  གཏོང་སྟངས། ཉིན་རེར་ཐེངས་གཅིག ཐེངས་རེར་རིལ་བུ་བཞི་ནས་ལྔ།

  བཙན་དུག་སྨན་མར། དྲོད། བཟི་ཅུང་ཡོད།

  ཕན་ནུས། སྙིང་གཡུགས་ཆེ་བ། སེམས་སྡུག་ཆེ་བ། ལུས་འདར་བ། གཉིད་ཆུང་བ། སྙིང་རླུང་གི་ནད་སོགས་ལ་ཕན།

  གཏོང་སྟངས། ཉིན་རེར་ཐེངས་གཅིག ཐེངས་རེར་རིལ་བུ་བཞི་ནས་ལྔ།