སློབ་དཔོན་ཐོགས་མེད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-05-20   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན།

        འཇིགས་མེད་ཀྱིས་བྲིས་ཤིང་། ཐོགས་མེད་ཀྱིས་པར་མཁོ་འདོན་བྱས།

        གཟའ་ཉི་མའི་ཕྱི་དྲོ་ས་འོག་ལྕགས་ལམ་ལ་བསྡད་ནས་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་སློབ་ཁུལ་རྙིང་པའི་ཕྱོགས་སུ་སྐྱོད། གཟའ་མཇུག་གི་སློབ་ར་ནི་ཧ་ཅང་སྙིང་ཉེ་བའི་ཟོལ་གྱིས་ལྷིང་འཇགས་ཀྱི་ཁམས་སུ་རོལ་ལ། ཉི་འོད་ཀྱི་མཚན་དུ་གསོལ་བའི་དགེ་བའི་བཤེས་གཉེན་རྣམ་པ་དང་ཤེས་བརྩོན་གྱི་སྨོན་པ་ལང་ཚོའི་དཔལ་སྟོབས་སུ་འཕྱོ་བའི་སློབ་མ་ཚོའི་འོ་ཆུ་ལྟ་བུའི་བརྩེ་འདང་དང་བ་དཀར་ལྟ་བུའི་ཞི་དུལ་བག་ཡོད་ཀྱི་གཤིས་རྒྱུད་ཀྱིས་ཡིད་སེམས་དབང་མེད་དུ་འཕྲོག །ཉིན་དེར་རང་ཉིད་གསར་ལམ་གྱི་ལས་སུ་འགྲེང་བའི་བྱེད་པོ་ཞིག་གི་ཚུལ་དུ་བཅར་འདྲི་ཞིག་གི་ལས་འགན་ཡོད་པས། ཤེས་བློའི་སྣང་ཁམས་སུ་འཚབ་འཚུབ་ཀྱི་སྣང་བ་ཞིག་དབང་མེད་དུ་སྐྱེས་བྱུང་། རྒྱུ་མཚན་ནི་གུས་པའི་དགེ་རྒན་འབུམ་རམས་པའི་སློབ་མ་གསར་པ་བསྡུ་བར་བྲེལ་བཞིན་ཡོད་པས། ཡོན་ཏན་གྱི་ལྕི་བོ་ཉིད་ཀྱི་གཟའ་མཇུག་གི་ངལ་གསོའི་དུས་ཚོད་མི་སྤྱོད་ཐབས་མེད་བྱུང་། དེ་ནས་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་སློབ་ཁང་དང་པོའི་ཐོག་བརྩེགས་དྲུག་པའི་སྟེང་ནས་སློབ་དཔོན་ཆེན་མོ་ཐོགས་མེད་ལ་བཅར་འདྲི་བྱེད་པའི་སྐལ་བ་ལྡན་བྱུང་། ཁེངས་སྐྱུང་དང་བག་ཡངས། དེ་མིན་རྩེད་མཚར་ཅན་གྱི་གཤིས་ཀ་ནི་ཁོང་གིས་ང་ལ་སྦྱིན་པའི་བག་ཆགས་ཐོག་མ་ཡིན། ངའི་འཚབ་འཚུབ་ཀྱི་སེམས་པ་ལ་ལྷོད་དུ་བབས་པའི་ཁོར་ཡུག་ཅིག་ཀྱང་སྦྱིན།

1989ལོར་མཁས་དབང་དམུ་དགེ་བསམ་གཏན་དང་མཉམ་དུ་བསྐྱོན་པའི་འདྲ་པར།

         སློབ་དཔོན་ཆེན་མོ་ཤར་པ་ཐོགས་མེད་ལགས་ནི་སི་ཁྲོན་རྔ་བ་བོད་ཆའང་རིགས་རང་སྐྱོང་ཁུལ་ཟུང་ཆུ་རྫོང་དུ་འཁྲུངས་ཤིང་། ཆུང་བྱིས་པའི་དུས་ནས་རྣམ་རིག་བཀྲ་བས་སློབ་གྲྭའི་སྒོ་ཐེམ་རྡོག་པས་མནན་རྒྱུའི་སྐལ་བ་ཐོབ་སྟེ། རིམ་བཞིན་འབར་ཁམས་མི་རིགས་དགེ་འོས་སློབ་གྲྭ། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ། པེ་ཅིན་སློབ་གྲྭ་ཆེན་མོ། སི་ཁྲོན་སློབ་གྲྭ་ཆེན་མོ་སོགས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་བརྒྱུད་ནས། བཅུ་ཕྲག་རིག་པའི་གནས་ཀུན་དང་ལྷག་པར་དུ་ཞང་ཞུང་རིག་གནས་དང་བོན་ཆོས་རིག་གནས་སྐོར་ལ་འབད་འབུངས་ཚད་མེད་གནང་མཐར་མཚན་ཉིད་རིག་པའི་འབུམ་རམས་པའི་གོ་གནས་ཐོབ་ནས་ད་ལྟ་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོར་དགེ་རྒན་གྱི་ཕྱག་ལས་གནང་བཞིན་ཡོད། ཁོང་གིས་དུས་དང་རྣམ་པ་ཀུན་ཏུ་བོད་ཀྱི་སློབ་གསོ་ལ་དཀའ་བ་དང་དུ་བླངས་ནས་བོད་ཀྱི་སློབ་གསོའི་བྱ་གཞག་ལ་བྱས་རྗེས་གང་མང་བཞག་དང་འཇོག་བཞིན་ཡོད་ལ། རབས་འབྱམས་པ་དང་འབུམ་རམས་པའི་སློབ་མ་གསོ་སྐྱོང་བྱས། རང་གི་བྱ་བ་ལ་བྲེལ་འཚུབ་ཇི་འདྲ་ཆེ་རུང་རང་གི་ཆེད་ལས་ལ་སློབ་སྦྱོང་དང་ཞིབ་འཇུག་གི་ལས་ཀ་ནམ་ཡང་མ་ལྷོད་པར། ཨ་རི་དང་། ཧྥ་རན་སི། འཇར་མན། ཁོ་རེ་ཡ། ནང་སོགས་དེ་མིན་རང་རྒྱལ་གྱི་ཤང་ཀང་དང་ཐན་ཝན་སོགས་སུ་ཕེབས་ནས་རིག་གཞུང་བགྲོ་གླེང་ཐེངས་མང་པོ་གནང་བ་དང་ཁོང་གི་རིག་གཞུང་གི་ལྟ་བ་ལ་རྒྱལ་ཕྱི་ནང་གི་མཁས་པ་མང་པོས་གདེང་འཇོག་ཆེན་པོ་བྱས། ད་ལྟ་ཁོང་གིས་གཙོ་བོར་བོད་རིག་པ་དང་ཆོས་ལུགས་རིག་པའི་འབུམ་རམས་པའི་སློབ་མ་དང་ཡིག་ཚགས་རིག་པ་དང་ཆོས་ལུགས་རིག་པའི་རབས་འབྱམས་པའི་གསོ་སྐྱོང་ལས་ཀ་འབད་བཞིན་ཡོད། ཆེད་དུ་ཁོང་གིས་བོད་རང་གི་ས་གནས་ཀྱི་བོན་ཆོས་ལ་ཞིབ་འཇུག་བྱས་ནས་ལོ་མང་པོ་འགོར་ཡོད་པ་དང་གྲུབ་འབྲས་ཀྱང་མཆོག་ཏུ་མངའ་བ་ཐོབ་འདུག རྒྱལ་ནང་གི་ཞང་ཞུང་དང་བོན་ཆོས་སྐོར་ལ་ཞིབ་འཇུག་བྱེད་མཁན་རྩེ་གྲས་ཀྱི་གྲལ་དུ་ཚུད་ཡོད།

བལ་ཡུལ་ནས་སློབ་དཔོན་བསྟན་འཛིན་རྣམ་དག་ལ་ཐུགས་མཇལ་གནང་བ།

         ཁོང་གིས་དཀའ་ངལ་གང་མང་བརྒྱུད་ནས་ཀྲུང་གོའི་བོན་ཆོས་ཞིབ་འཇུག་ལྟེ་གནས་གསར་སྒྲུབ་མཛད་ཅིང་། སྔ་གཞུག་ཏུ་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྣམ་གྲངས་གལ་ཆེན《བོན་ཆོས་རྣམ་བཤད།》ཅེས་པའི་དབུ་བཞུགས་ཆེད་མཁས་པའི་འགན་འཁུར་བ་དང་། སི་ཁྲོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་སྤུས་ལེགས་སློབ་ཚན་《རིིག་གནས་ལྔའི་རྣམ་བཤད།》སློབ་ཁྲིད་ཀྱི་འགན་བཞེས་པ། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྣམ་གྲངས་གལ་ཆེན་གཅིག་དང་། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་སྤྱིར་བཏང་རྣམ་གྲངས་གཅིག །ཞིང་ཆེན་དང་པུའུ་རིམ་པའི་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྣམ་གྲངས་དྲུག །ཆེད་དེབ་10(འདིའི་གྲལ་དུ་མཉམ་ལས་བྱས་པའང་ཚུད)དཔེ་སྐྲུན་བྱས་པ། ཚད་ལྡན་དུས་དེབ་ཐོག་ཏུ་དཔྱད་རྩོམ་50ལྷག་སྤེལ་ཡོད། རྒྱལ་ཁབ་རིམ་པའི་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་བྱ་དགའ་གཅིག་དང་། ཞིང་ཆེན་དང་པུའུ་རིམ་པའི་ཕུལ་བྱུང་སློབ་ཁྲིད་གྲུབ་འབྲས་བྱ་དགའ་གཅིག་བཅས་ཐོབ་ཡོད།

པོ་ཨུན་ནས་སྐབས་བཅུ་གཅིག་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུའི་ཐོག་སློབ་དཔོན་ཁང་དཀར་སྐལ་བཟང་ཚུལ་ཁྲིམས་མཆོག་དང་མཉམ་དུ་བཞུགས་པ།

        ཉེ་བའི་ལོ་འགའི་རིང་ཞིབ་འཇུག་བྱེད་ཡུལ་གཙོ་བོ་ནི་བོད་ཀྱི་ཆོས་ལུགས་རིག་པ་དང་བོད་ཡིག་ཡིག་ཚགས་རིག་པ་རེད། སྔ་རྗེས་སུ་བོད་ཀྱི་ཆོས་ལུགས་དང་ཡིག་ཚགས་འབྲེལ་ཡོད་ཞིབ་འཇུག་བྱ་གཞི་གཙོ་སྐྱོང་བྱས་ནས་ལེགས་སྒྲུབ་བྱས་པ་ནི་2011ལོའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྣམ་གྲངས་《བོན་ཆོས་ཀྱི་བཀའ་བསྟན་ལས་བསྟན་འགྱུར་སྡེ་ཁག་གི་དཀར་ཆག་གནད་བསྡུས》(རྣམ་གྲངས་མཆན་ཨང་། 11BZJ006)ཡིན་པ་དང་། 2014ལོའི་རྒྱལ་ཁབ་སློབ་གསོ་པུའུ་ཡི་སྤྱི་ཚོགས་ཚན་རིག་ཐེབས་རྩའི་དུས་མཇུག་གི་རོགས་དངུལ་རྣམ་གྲངས《བོན་ཆོས་དང་དེའི་ཉེ་འཁོར་གྱི་ཆོས་ལུགས་རིག་གནས་འབྲེལ་བའི་ཞིབ་འཇུག》(རྣམ་གྲངས་མཆན་ཨང་14JHQ004)དང་། 2015ལོའི་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་ཀྲུང་དབྱང་མཐོ་སློབ་ཕུལ་བྱུང་ཚོགས་པའི་གསོ་སྦྱོང་རྣམ་གྲངས་ཀྲུང་གོའི་ལྷོ་ནུབ་ཁུལ་གྱི་མི་རིགས་མང་པོའི་འབྲེལ་མཚམས་ཁུལ་ནས་གསར་དུ་རྙེད་པའི་བོད་ཡིག་ཡིག་རྙིང་དང་ཡིག་ཚགས་སྲུང་སྐྱོབ་དང་བསྡུ་སྒྲིག་ཞིབ་འཇུག(ལས་གཞིའི་ཨང་ཀི་2015SZYTD01)དང་། ཚབ་མཚོན་བརྩམས་ཆོས་ལ་《ཞང་ཞུང་ཤེས་རིག་གི་ཞིབ་འཇུག》《བོན་ཆོས་ཞིབ་འཇུག》《རྒྱལ་རོང་བོད་རིགས་ཀྱི་ལོ་རྒྱུས་དང་རིག་གནས།》《བོད་རིག་གནས་ཀྱི་འཚོལ་ཞིབ་གསར་པ།》བཅས་ཡོད། ཚབ་མཚོན་དཔྱད་རྩོམ་ལ་《གཡུང་དྲུང་བོན་ནི་བོད་བརྒྱུད་ནང་བསྟན་གྱི་ཁྱད་ཆོས་མཚོན་བྱེད་ཆེས་ཁྱད་པར་ཅན་དེའོ།》《བོད་དང་རྒྱ་གར་རིག་གནས་ཀྱི་མཐོང་རྒྱའི་འོག་གི་གངས་ཏི་སེ་རི་བོའི་དད་བཀུར་དང་དེའི་ཁྱད་ཆོས།》《བོད་ཀྱི་རིག་གནས་ཐད་ནས་སན་ཤིན་ཏའུ་ས་འོག་ནས་རྙེད་པའི་འཁར་ཞལ་འཁར་ཞུའི་མཚོན་དོན་གང་ཡིན་ལ་དཔྱད་པ།》《བོད་ཀྱི་རིག་གནས་ཐད་ནས་ཁྲེན་ཏུའུ་ཅིན་ཧྲ་ས་འོག་ན་རྙེད་པའི་གསེར་འཁོར་གསེར་ཞལ་གྱི་མཚོན་དོན་གང་ཡིན་ལ་དཔྱད་པ།》བཅས་ཡོད།

མཁས་དབང་བཙན་ལྷ་ངག་དབང་དང་ཚེ་རིང་ཐར་གྱི་མཉམ་དུ་ཆུ་ཆེན་རྫོང་དུ་རྟོག་ཞིབ་ཕེབས་སྐབས།

         ཁོང་གིས་ནམ་ཡང་སེམས་པ་རྣམ་དག་དང་ཁ་ཞེ་གཉིས་མེད་སྒོས་སློབ་གསོའི་བྱ་གཞག་དང་། རང་མི་རིགས་རིག་གནས་འཕེལ་རྒྱས། ལྷག་པར་དུ་བོད་ཀྱི་ཞང་ཞུང་རིག་གནས་དང་ཡིག་ཚགས་རིག་གནས་སྐོར་ལ་འཛིན་སྐྱོང་སྤེལ་གསུམ་ལ་འབད་པ་རྒྱུན་སྐྱོང་བྱེད་བཞིན་ཡོད། ཁོང་གིས་གསུང་རྒྱུར། ཁོ་རང་ཕྱི་རྒྱལ་དང་རང་རྒྱལ་གྱི་སློབ་གྲྭ་མིང་གྲགས་ཅན་དུ་རིག་གཞུང་བགྲོ་གླེང་བྱེད་པར་འགྲོ་སྐབས། ཁོང་ཚོས་བོད་མི་རིགས་ཀྱི་རིག་གནས་ལ་མཐོང་ཆེན་དང་གདེང་འཇོག་མཐོན་པོ་བྱེད་བཞིན་ཡོད། སྣང་ཚུལ་དེ་དག་མཐོང་དུས་བོད་པ་ཞིག་གི་ཆ་ནས་དེ་ལས་ལྷག་པར་རང་མི་རིགས་ཀྱི་རིག་གནས་ལ་སློབ་སྦྱོང་དང་ཞིབ་འཇུག་བྱེད་པའི་འོས་འགན་ཡོད་པའི་བསམ་བློ་སྐྱེས། ང་ཚོའི་མེས་པོ་ཚོས་དེ་འདྲའི་གྱ་ནོམ་པའི་རིག་གནས་བསྐྲུན་ཡོད་ལ། ང་ཚོས་ལོངས་སྤྱོད་རྐྱང་པ་ལས་ཕུལ་བྱུང་གི་རིག་གནས་ནང་འདྲེན་དང་གསར་སྐྲུན་བྱེད་པར་འབད་ནས་། ཉམས་པ་སླར་གསོ་དང་མ་ཉམས་པ་གོང་སྤེལ་བྱ་རྒྱུ་ནི་ང་ཚོའི་འོས་འགན་ཡིན། ང་རང་དགེ་རྒན་ཞིག་ཡིན་པའི་ཆ་ནས། རིག་གཞུང་ལ་ཞིབ་འཇུག་དང་སློབ་མ་སྐྱོང་རྒྱུའི་མཐུན་རྐྱེན་ལྡན་པ་ནི་རང་ཉིད་ཀྱི་སྔོན་བསགས་ཀྱི་བསོད་ནམས་ཡིན་པར་མ་ཟད། རང་གི་འགན་འཁྲི་ཡང་ཡིན་ཞེས་གསུངས་བྱུང་།

2018ལོར་ཁོང་གིས་མཛུབ་སྟོན་གནང་བའི་འབུམ་རམས་སློབ་མ་རྣམ་འབྱོར་འཕྲིན་ལས་དང་ཀུན་དཔལ་ཚེ་རིང་གཉིས་ཀྱི་དཔྱད་རྩོམ་ཁ་བྱང་གཏན་འབེབས་ཀྱི་བགྲོ་གླེང་ཚོགས་འདུའི་ཐོག་གི་མཉམ་པར།

         སློབ་དཔོན་ཆེན་མོ་ཤར་པ་ཐོགས་མེད་ལགས་ནི་བོད་ཀྱི་རིག་གནས་ཞིབ་འཇུག་ལ་དགའ་ཞེན་ཡོད་པ་དང་སློབ་མ་ལ་ལྷག་བསམ་རྣམ་དག་བཅངས་པའི་དོན་དངོས་ཀྱི་སློབ་དཔོན་ཆེན་མོ་དང་། མི་ཚེ་ཧྲིལ་པོར་བོད་ཀྱི་རིག་གནས་ཞིབ་འཇུག་ལ་བློ་སེམས་རྩེ་གཅིག་ཏུ་གཞོལ་བས་མཛུབ་མོ་ནང་འགུག་གིས་བགྲང་དུ་རུང་བའི་ཆེད་མཁས་པ་ཞིག་རེད། 

ཧྥ་རན་སིའི་རྒྱལ་སྤྱིའི་བོན་ཆོས་རིག་གནས་བགྲོ་གླེང་ཚོགས་འདུའི་ཐོག་མར་ཁེ་དང་ཆར་ལེ་སན་ལན་པོ་དང་ལྷན་དུ་བཞུགས་པ།

         同美,藏族,哲学博士,现任西南民族大学教授、博士研究生导师,中国西藏本教研究中心创办人,国家社科基金重大项目《西藏本教通论》的首席专家。先后毕业于西南民族大学、北京大学、四川大学。承担国家社科基金重大项目1项,国家社科基金一般项目2项,省部级社科基金项目6项。出版专著10部(含合作),权威核心期刊发表论文50篇。获国家级社科优秀成果奖1项、省部级优秀教学成果奖1项。

         2018ལོར་སྐབས་དང་པོའི་ཀྲུང་གོའི་བོད་ལྗོངས་ལྷ་སའི་མངའ་རིས་ཞང་ཞུང་རིག་གནས་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་འདུའི་ཐོག་རྒྱལ་ཕྱི་ནང་གི་ཚོགས་ཞུགས་ཆེད་མཁས་པ་དང་མཉམ་དུ་བོད་ལྗོངས་མངའ་རིས་སུ་རྟོག་ཞིབ་ཏུ་སྐྱོད་སྐབས།

         代表专著有《象雄文明研究》《西藏本教研究》《嘉绒藏族的历史与文化》《藏族文化新探》。代表论文有《西藏本教是藏传佛教最典型的代表》《藏印文化视野下的冈底斯山崇拜及其特点》《三星堆青铜纵目面具与铜兽首冠人像的藏文化解读》《金沙遗址出土文物太阳神鸟黄金面具青铜立人的藏文化解读》等。

2019ལོའི་ལོ་སར་ཚེས་པ་བཅོ་ལྔའི་ཉིན་བོད་དམག་བོད་པའི་འབག་འཆམ་འཁྲབ་སྟོན་པ་དང་ལྷན་དུ།

 ཀྲུང་གོའི་བོན་ཆོས་ཞིབ་འཇུག་ལྟེ་གནས་གསར་སྒྲུབ་མཛད།

ཡོང་ཁུངས།  2019ལོའི་《གངས་ལྗོངས་ཉི་གཞོན།》དེབ་གསུམ་པ།