རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-05-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ལམ་བར་གྱི་མཛེས་ལྗོངས།
འཇོལ་རྫོང་ནས་ཀུང་ཧྲན་བར་གྱི་སྦྲེལ་མཐུད་འཛུགས་སྐྲུན་གྱི་ལས་གྲྭ་འདི་ནི་ཡུན་ནན་ཞིང་ཆེན་གྱི་ནུབ་བྱང་དུ་ཡོད་པའི་འཇོལ་རྫོང་ཡུང་ཀྲི་གྲོང་ཚོ་ནས་ནོའུ་ཅང་ལི་སུའུ་རིགས་རང་སྐྱོང་ཁུལ་ཀུང་ཧྲན་ཧྲན་ཏ་གྲོང་ཚོའི་བར་གྱི་རིམ་པ་གཉིས་པའི་གཞུང་ལམ་ཞིག་ཡིན་ལ། ཡུལ་འདི་ཡུན་ནན་མཐའ་མཚམས་ཀྱི་གྲངས་ཉུང་མི་རིགས་འདུས་སྡོད་ཆེ་བའི་ས་ཁུལ་ཞིག་ཡིན་པ་མ་ཟད། འཛམ་གླིང་གི་རང་བྱུང་ཤུལ་བཞག་ས་གནས་གཙང་གསུམ་མཉམ་བཞུར་ཞེས་པའི་ཡུལ་ཁོངས་ཁྱད་པར་བ་ཞིག་ཡིན།
གནས་འདིའི་ཡུལ་ལྗོངས་ལྟ་ན་སྡུག་པས་ཡུན་ནན་ནུབ་བྱང་ཕྱོགས་ཀྱི་ཡུལ་སྐོར་སྐོར་ལམ་ཁྲོད་ཀྱི་ལམ་ཐིག་གལ་ཆེན་ཞིག་ཡིན།འོན་ཀྱང་གནས་འདིའི་ས་དབྱིབས་རྙོག་འཛིང་ཆེ་ལ་ཆར་ཆུ་མོད་པ། ས་རྒྱུ་ཞན་པ་སོགས་ཀྱི་དབང་གིས་གཞུང་ལམ་འཛུགས་སྐྲུན་ལ་དཀའ་ཁག་མང་བོ་འཕྲད་པ་རེད།
བརྙན་རིས་ལས་འཛུགས་སྐྲུན་གྱི་དཀའ་ཁག་མངོན།
འཇོལ་རྫོང་ནས་ཀུང་ཧྲན་བར་གྱི་རིམ་པ་བཞི་བའི་གཞུང་ལམ་འདིར་བསྡོམས་པས་སྒོར་དུང་ཕྱུར་4.80བཏང་ཡོད་ལ། གཞུང་ལམ་སྤྱིའི་ཆ་ནས་འཛུགས་སྐྲུན་ལེགས་འགྲུབ་བྱུང་ཡོད་དེ། ཟླ་བ་6པའི་ཚེས་30སྔོན་ལ་ཞིབ་བཤེར་རྩིས་ལེན་བྱས་ནས་རླངས་འཁོར་ཤར་གཏོང་བྱེད་པའི་འཆར་གཞི་ཡོད།