སེམས་ཀྱི་ཉི་ཟླའི་མི་རིགས་ཐང་ཆེན་བྲོ་གར་འགྲན་བསྡུར་ལ་ལྟད་མོ་ཆེ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-06-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ཟླ་6པའི་ཚེས་9ཉིན་གྱི་སྔ་དྲོར།སེམས་ཀྱི་ཉི་ཟླ་གྲོང་ཨུ་དང་སེམས་ཀྱི་ཉི་ཟླ་མི་དམངས་སྲིད་གཞུང་གིས་གཙོ་བསྒྲུབ་གནང་ཞིང་།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡུལ་སྐོར་རིག་གནས་ཅུས་དང་གྲོང་ཁྱེར་རིག་གནས་ཁང་གཉིས་ཀྱིས་འགན་བསྒྲུབ་བྱས་པའི་2019ལོའི་བདེ་ཆེན་སེམས་ཀྱི་ཉི་ཟླའི་ལྔ་བའི་རྟ་རྒྱུག་དང་ཀྲུང་གོ་ཡུལ་སྐོར་ཚོགས་པའི་ལོ་ཟླས་ཕུལ་བའི་ལེགས་སྐྱེས་ཞེས་པའི་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་རིག་གནས་དུས་ཆེན་གྱི་བྱེད་སྒོ་སྣ་ཚོགས་ལས་མི་རིགས་ཐང་ཆེན་བྲོ་གར་གྱི་འགྲན་བསྡུར་ཡོངས་སུ་འགྲུབ་ལ།ཁུལ་ཡོངས་ཀྱི་ཕྱོགས་སོ་སོ་ནས་ཡོང་བའི་བྲོ་གར་རུ་ཁག་7གྱིས་ཛ་དྲག་གི་འགྲན་བསྡུར་བྱས་པ་བརྒྱུད།མཐར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྟག་མཆོང་གྲོག་རོང་གི་རྒན་པའི་རྩེད་འཇོ་རུ་ཁག་གིས་འགྲན་བསྡུར་གྱི་བྱ་དགའ་ཨང་དང་བོ་བླངས་པ་རེད།

བྱ་དགའ་ཨང་དང་པོ་ཐོབ་མཁན་སྟག་མཆོང་གྲོག་རོང་གི་རྒན་པའི་རྩེད་འཇོ་རུ་ཁག

        འགྲན་བསྡུར་གྱི་སྐབས་སུ་རུ་ཁག་སོ་སོས་གཅིག་རྗེས་གཉིས་མཐུད་ཀྱིས་འཇང་གི་ཨ་ལི་ལི་ཞེས་པ་དང་།རྩལ་སྦྱོང་ཀྲ་ཀ་ལ། ནམ་མཁའ་སྔོ་བསང་བསང་། མཚོ་མོ་སྔོ་བསང་བསང་། ཉི་ཤར་བྱམས་བྲོ། སྤྲོ་སྐྱིད་ཀྱི་པི་ཝང་བྲོ་གར། སྤྲོ་སྐྱིད་ཀྱི་འཇང་རིགས། ཕ་ཡུལ་གྱི་མཁའ་ལ་གཡོ་བའི་ཕུ་རིང་ཞེས་པ་སོགས་ངོ་མཚར་སྟོང་གི་ཕྱུག་པའི་འཁྲབ་སྟོན་བྱས་ཏེ།རྒྱ་ཆེའི་ལྟད་མོ་བ་རྣམས་ཀྱི་མིག་དབང་འཕྲོག་པའི་དགའ་སྟོན་ཞིག་ཏུ་གྱུར།

འཇང་གི་ཨ་ལི་ལི་ཞེས་པ་འཁྲབ་བཞིན་པ།

རྩལ་སྦྱོང་ཀྲ་ཀ་ལ་ཞེས་པ་འཁྲབ་བཞིན་པ།

སྤྲོ་སྐྱིད་ཀྱི་འཇང་རིགས་ཞེས་པ་འཁྲབ་བཞིན་པ།

སྤྲོ་སྐྱིད་ཀྱི་པི་ཝང་བྲོ་གར་ཞེས་པ་འཁྲབ་བཞིན་པ།

ནམ་མཁའ་སྔོ་བསང་བསང་། མཚོ་མོ་སྔོ་བསང་བསང་ཞེས་པ་འཁྲབ་བཞིན་པ།

ཉི་ཤར་བྱམས་བྲོ་འཁྲབ་བཞིན་པ།

ཕ་ཡུལ་གྱི་མཁའ་ལ་གཡོ་བའི་ཕུ་རིང་ཞེས་པ་འཁྲབ་བཞིན་པ།

        རྒྱུས་ལོན་བྱུང་བ་ལྟར་ན།ཐེངས་འདིའི་སེམས་ཀྱི་ཉི་ཟླའི་ཐང་ཆེན་བྲོ་གར་གྱི་འགྲན་བསྡུར་འདི་རུ་ཁག་མང་བོས་ཛ་དྲག་གི་འགྲན་བསྡུར་བྱས་པ་བརྒྱུད།མཐར་ཆེས་ཕུལ་དུ་བྱུང་གི་རུ་ཁག་7དམིགས་སུ་ཐོན་ཏེ་ཐེངས་འདིའི་འགྲན་བསྡུར་ལ་ཞུགས་ཐུབ་པ་བྱུང་།དེ་ཡང་ཐེངས་འདིའི་འགྲན་བསྡུར་གྱི་བྱེད་སྒོ་འདི་སྤེལ་བ་བརྒྱུད་ནས་མུ་མཐུད་དུ་མང་ཚོགས་ཀྱི་བསལ་པའི་འཚོ་བ་ཕུན་སུམ་ཚོགས་པར་བཏང་ལ།རིག་གནས་ཀྱི་ཤུགས་ཆེ་བའི་གྲོང་ཁྱེར་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་དང་། རིག་གནས་འཕེལ་རྒྱས།འབྱོར་ཕྱུག་ལྡན་པའི་གྲོང་ཁྱེར་ཞིག་ཏུ་ཆགས་པར་སྐུལ་སྤེལ་གྱི་ནུས་པ་ཐོན་པ་རེད།

ལྟད་མོ་བའི་ཚོགས།