རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-06-12   རྩོམ་ཁུངས།   
ཨ་མའི་རེ་བ།
ལེན་མཁན། བཀྲ་ཤིས་མཚོ།
རིག་གནས་སློབ་དགོས་ཨ་མའི་རེ་བ་ཡིན།
བཤེས་ལ་གུས་དགོས་ཨ་མའི་རེ་བ་ཡིན།
འབད་བརྩོན་བྱེད་དགོས་ཨ་མའི་རེ་བ་ཡིན།
མདུན་ལམ་འཚོལ་དགོས་ཨ་མའི་རེ་བ་ཡིན།
སེམས་པ་དཀར་དགོས་ཨ་མའི་རེ་བ་ཡིན།
ཀུན་སྤྱོད་ཡག་དགོས་ཨ་མའི་རེ་བ་ཡིན།
མི་དགེ་སྤོང་དགོས་ཨ་མའི་རེ་བ་ཡིན།
མཐུན་སྒྲིལ་བྱེད་དགོས་ཨ་མའི་རེ་བ་ཡིན།
ཨ། ཨ་མ།
ཕ་བཟང་བུ་རྣམས་མ་བརྗེད་སེམས་ལ་ཟུངས།
ཨ་མའི་རེ་བ་མ་བརྗེད་སེམས་ལ་ཟུངས།
སྐྱེ་ཁམས་སྲུང་དགོས་ཨ་མའི་རེ་བ་ཡིན།
ལས་འབྲས་བརྩི་དགོས་ཨ་མའི་རེ་བ་ཡིན།
དྲིན་ལེན་གཟོ་དགོས་ཨ་མའི་རེ་བ་ཡིན།
རང་ལུགས་སྐྱོང་དགོས་ཨ་མའི་རེ་བ་ཡིན།
ཨ། ཨ་མ།
ཕ་བཟང་བུ་རྣམས་མ་བརྗེད་སེམས་ལ་ཟུངས།
ཨ་མའི་རེ་བ་མ་བརྗེད་སེམས་ལ་ཟུངས།
(བརྙན་འདི་ཐེང་ཞུན་དྲ་བ་ནས་ཡོང་།)