མི་རིགས་ཆོས་ལུགས་སྲིད་ཇུས་ཁྲིམས་སྲོལ་སློབ་སྦྱོང་ཟླ་བ་འགོ་ཚུགས་པ།

རྩོམ་པ་པོ།   བློ་བཟང་དབྱངས་འཛོམས།  ཡིག་བསྒྱུར།       དུས་ཚོད།   2019-06-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲྭ་བ།

                                       བྱེད་སྒོ་དངོས་སུ་འགོ་ཚུགས་པ།

      ཟླ་6པའི་ཚེས་21ཉིན་གྱི་སྔ་དྲོར། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་གཏིང་ཟབ་ཏུ་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་ཏེ་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་བསུ་མ་བྱས་ནས་མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་ཞི་མཐུན་ལ་སྐུལ་འདེད་གཏོང་རྒྱུ་ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་2019ལོའི་མི་རིགས་ཆོས་ལུགས་སྲིད་ཇུས་ཁྲིམས་སྲོལ་སློབ་སྦྱོང་ཟླ་བ་དང་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གཏོད་པའི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

                                    བྱེད་སྒོའི་ཡུལ་དངོས།

       དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡུལ་དུ་ལས་དོན་མི་སྣས་དྲིལ་བསྒྲགས་ས་ཚིགས་འཛུགས་པ་དང་། དྲིལ་བསྒྲགས་ཤོག་བྱང་སྤྲོད་པ། དྲིལ་བསྒྲགས་པར་རིས་འབྲི་བ། མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་དཔེ་མཚོན་བྱས་རྗེས་བརྗོད་པ། འདྲི་རྩད་དང་དཀའ་གནད་གྲོལ་བ་སོགས་ཀྱི་རྣམ་པ་བརྒྱུད་ནས་འགྲོ་འོང་བྱེད་མཁན་གྱི་མང་ཚོགས་ལ་མི་རིགས་ཆོས་ལུགས་སྲིད་ཇུས་དང་ཁྲིམས་སྲོལ་སྐོར་སྒྲོལ་འགྲེལ་གནང་བ་རེད། ད་ཐེངས་ཀྱི་བྱེད་སྒོའི་ཐོག་ཁྱོན་བསྡོམས་འཕྲེད་འགེལ་སྦྱར་ཡིག་3བཀལ་བ་དང་འགྲེམས་པང་6འགྲེམས་སྟོན་བྱས་པ་དང་། བདེ་ཆེན་ཁུལ་གྱི་ཤེས་བྱའི་ཀློག་དེབ་དང་། བདེ་ཆེན་ཁུལ་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གཏོད་པའི་ཤེས་བྱའི་ལག་དེབ། ནག་ཚོགས་གཙང་སེལ་གྱི་ཆེད་དོན་འཐབ་རྩོད་དྲིལ་བསྒྲགས་ལག་དེབ་སོགས་དྲིལ་བསྒྲགས་དཔྱད་ཡིག་2000ལྷག་ཙམ་སྤྲད་པ་མ་ཟད། མི་རིགས་དང་། ཆོས་ལུགས། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་ཀྱི་ཤེས་བྱ། བཅའ་ཁྲིམས་བཅས་བློ་འདྲི་བྱེད་ས་བཙུགས་ནས་མང་ཚོགས་ཀྱི་བློ་འདྲི་བྱ་ཡུལ་ལ་ལན་བརྒྱབ་པས་སྤྱི་ཚོགས་ཀྱི་དྲིལ་བསྒྲགས་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད།

 

མང་ཚོགས་ལ་མི་རིགས་ཆོས་ལུགས་སྲིད་ཇུས་དང་ཁྲིམས་སྲོལ་སྐོར་སྒྲོལ་འགྲེལ་གནང་བ།

 


རྒྱ་ཆེའི་མང་ཚོགས་ལ་དྲིལ་བསྒྲགས་དཔྱད་ཡིག་སྟེར་བཞིན་པ།

ལམ་འགྲོ་བ་ཞིག་གིས་རྒྱུ་ཆ་ཀློག་བཞིན་པ།


དྲིལ་བསྒྲགས་དཔྱད་ཡིག་གི་རྒྱུ་ཆ།