རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-07-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཉེ་ཆར། ཞིང་ཆེན་སྲིད་གཞུང་ཧྲིན་ཀྲང་གཞོན་པ་ཀྲང་གོ་ཧྭ་ཡིས་འགོ་ཁྲིད་པའི་རྟོག་ཞིབ་ཚོ་ཆུང་རང་ཁུལ་དུ་ཡོང་ནས་བྱ་བར་རྟོག་ཞིབ་བྱས། ཀྲང་གོ་ཧྭ་སོགས་སེམས་ཀྱི་ཉི་ཟླ་གནམ་གྲུ་ཐང་དང་གློག་རྡུལ་ཚོང་ལས་ཀྱི་གསར་གཏོད་གཉིས་ཀྱི་གསོ་སྐྱོང་ར་བ། ཤམྦྷ་ལའི་སྤྱི་གླིང་། ཧྲིན་ཅེ་སྐྱེ་དངོས་ཚད་ཡོད་འགན་ཁྲི་ཀུང་སི། གཙང་ཤར་དངོས་སྐྱེལ་ར་བ། ཡེ་ཤེས་ཀྱི་ཤིང་ཕོར་བཟོ་གྲྭ ཉི་ཤར་རྒུན་ཆང་སྤྲོ་སྐྱིད་རི་གྲོང་། འཇོལ་རྫོང་གློག་རྡུལ་ཚོང་ལས་ཀྱི་སྤྱི་སྤྱོད་ཞབས་ཞུའི་ལྟེ་གནས་སོགས་ལ་རྟོག་ཞིབ་བྱས་ཤིང་། རང་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་དང་འཛུགས་སྐྲུན་དང་ཐོན་ལས་འཛུགས་སྐྲུན། གློག་རྡུལ་ཚོང་ལས་འཕེལ་རྒྱས། ངལ་རྩོལ་ནུས་ཤུགས་གནས་སྤོའི་ལས་ཞུགས་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་རེད། ས་གནས་རེར་ཐོན་དུས་ཀྲང་གོ་ཧྭ་ཡིས་འབྲེལ་ཡོད་སྡེ་ཁག་དང་ཁེ་ལས་ཀྱི་འགན་འཛིན་པར་ཁ་བརྡ་མང་བོ་བྱས་ནས་གནས་ཚུལ་ལ་རྒྱུས་ལོན་བྱེད་པ་མ་ཟད། དཀའ་ཁག་ཡོད་པའི་གནད་དོན་ལ་ཕྱོགས་སྟོན་རང་བཞིན་ཀྱི་བསམ་འཆར་བཏོན་པ་རེད།
རྟོག་ཞིབ་ཀྱི་སྐབས་སུ་ཀྲང་གོ་ཧྭ་ཡིས་རང་ཁུལ་གྱི་ལས་རིགས་སོ་སོའི་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་དང་རྒྱ་ཆེའི་ལས་བྱེད་པའི་ལས་གཏོད་སྙིང་སྟོབས་ལ་གདེང་འཇོག་ཚད་མཐོན་པོ་བྱས་པ་རེད། ཁོས་རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་གཅིག་ནས་མུད་མཐུད་དུ་ཐོན་ལས་འཕེལ་རྒྱས་དེ་དམ་འཛིན་བྱེད་དགོས་པ། ཡུལ་བབ་དང་བསྟུན་པ་དང་ཁྲོམ་རའི་ཕྱོགས་སྟོན་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས། ཧུར་བརྩོན་གྱིས་ས་གནས་ཁྱད་ལྡན་ཐོན་རྫས་ཀྱི་ལེགས་ཆ་ཡོད་པའི་ཐོན་ལས་གསོ་སྐྱོང་བྱེད་པའི་དུས་མཚུངས་སུ་སྲོལ་རྒྱུན་གྱི་ཐོན་ལས་ལེགས་བཅོས་རིམ་འཕར་ཐུབ་པ་བྱས་ཤིང་། ས་གནས་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཐུབ་བྱེད་དགོས། གཉིས་ནས་སྔར་ལས་ལྷག་པར་གློག་རྡུལ་ཚོང་དོན་གྱི་མ་ལག་འཛུགས་སྐྲུན་དང་འཐུས་ཚང་དུ་གཏོང་དགོས་པ། ཕྱོགས་ཡོངས་ནས་གློག་རྡུལ་ཚོང་དོན་གྱི་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་གོང་འཕེལ་གཏོང་དགོས། གསུམ་ནས་མུ་མཐུད་དུ་ངལ་རྩོལ་ནུས་ཤུགས་གནས་སྤོ་བྱེད་དགོས་པ། མུ་མཐུད་དུ་ལས་ཞུགས་གནས་སྤོའི་ལམ་ཁ་ཇེ་ཡངས་སུ་བཏང་ནས་ཧུར་བརྩོན་གྱིས་ལས་ཞུགས་ཀྱི་ཁོར་ཡུལ་ལེགས་བཅོས་བྱེད་དགོས་ལ། ལས་ཞུགས་རྩ་འཛུགས་ཅན་དང་ལས་ཞུགས་ལག་རྩལ་གསོ་སྦྱོང་ལ་ཤུགས་སྣོན་བྱེད་དེ། དར་རྒྱས་ཆེ་བའི་ས་ཁུལ་དང་ངལ་རྩོལ་གྱི་འབྲེལ་བ་བཙུགས་ནས་ངལ་རྩོལ་གནས་སྤོའི་ལས་ཀ་ཡག་པོ་བསྒྲུབ་དགོས། བཞི་ནས་ཧུར་བརྩོན་གྱིས་རྨང་གཞིའི་སྒྲིག་གཞི་འཛུགས་སྐྲུན་སྐུལ་སྤེལ་གཏོང་བ། ད་ཡོད་སྲིད་ཇུས་བཀོལ་སྤྱོད་ལེགས་པོ་བྱེད་ནས་ཧུར་བརྩོན་གྱིས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་སྲིད་ཇུས་དང་ལས་གཞི། མ་དངུལ་གྱི་རྒྱལ་སྐྱོར་བརྩོན་ལེན་བྱས་ཏེ། བདེ་ཆེན་གྱི་མི་འདང་ས་ཆད་གསབ་མགྱོགས་པོ་ཡོང་བ་ཐེག་བྱེད་དགོས་པ་བཤད།
ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་དང་ཞིང་ཆེན་ཚོང་དོན་ཐིང་གི་ཐིང་ཀྲང་ཀྲོ་རེན་ཅིན། ཁུལ་ཨུའི་ཧྲུའུ་ཅུ་ཁུལ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཀུའུ་ཁུན། ཁུལ་ཨུའི་ཧྲུའུ་ཅུ་གཞོན་པ་ཁུལ་དཔོན་ཆི་ཅན་ཞིན་སོགས་མཉམ་དུ་རྟོག་ཞིབ་ལ་སོང་ཞིང་། རྟོག་ཞིབ་བྱེད་པའི་སྐབས་སུ་རང་ཁུལ་གྱི་དབུལ་སྒྲོལ་འཁྲེགས་གཏོར་དང་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་སྙན་ཞུ་བྱས་པ་རེད།