རྒྱལ་ཡོངས་རྟ་རྒྱུག་ཐོག་བློ་བཟང་བདེ་ལེགས་ལ་གསེར་གྱི་རྟགས་མ་ཐོབ་པ།

རྩོམ་པ་པོ།   ཁུལ་སློབ་གསོ་ཅུས་ཀྱི་སྐད་འཕྲིན་སྤྱི་སྟེགས།  ཡིག་བསྒྱུར།       དུས་ཚོད།   2019-07-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        ཟླ་7པའི་ཚེས་14ཉིན་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པའི་རྟ་ཐོག་རྣམ་གྲངས་ལས་མི་རིགས་རྟ་རྒྱུག་སྨི་3000ཅན་དང་། གོམ་ཚད་སྨི་1000ཅན་གྱི་རྣམ་གྲངས་གཉིས་ཀྱི་འགྲན་བསྡུར་མཇུག་འགྲིལ་ཞིང་། བདེ་ཆེན་གྱི་རྟ་རྒྱུག་མཁན་གྲགས་ཅན་བློ་བཟང་བདེ་ལེགས་ཀྱིས་གོམ་ཚད་སྨི་1000ཅན་གྱི་འགྲན་བསྡུར་ནང་སྐར་མ་1དང་སྐར་ཆ་20ཡི་དུས་ཚོད་ནང་རྣམ་གྲངས་དེའི་བྱ་དགའ་ཨང་དང་པོ་བླངས་པ་དང་།  འདི་ནི་སྐབས་འདིའི་རྒྱལ་ཡོངས་མི་རིགས་ལུས་རྩལ་འགྲན་ཚོགས་ཡུན་ནན་འཐུས་མི་ཚོགས་པར་ཐོབ་པའི་གསེར་གྱི་རྟགས་མ་དང་པོ་དེའང་ཡིན་པ་རེད།


བྱ་དགའ་ལེན་པའི་ཡུལ་དངོས།

       རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་7གྱི་བདམས་ཐོན་པ་36གོམ་ཚད་སྨི་1000ཅན་གྱི་འགྲན་བསྡུར་ནང་ཞུགས་ཡོད་པ་དང་།  ཡུན་ནན་ཞིང་ཆེན་གྱིས་རྣམ་གྲངས་འདི་ལ་འགྲན་ཞུགས་པ་མི6མངགས་ཡོད། ལོ་ན31ལ་སླེབས་པའི་བློ་བཟང་བདེ་ལེགས་ནི་ཡུན་ནན་ཞིང་ཆེན་གྱི་རྟ་རྒྱུག་འགྲན་བསྡུར་ཁྲོད་གྲུབ་འབྲས་གཟེངས་སུ་ཐོན་པ་ལེན་མཁན་ཞིག་ཡིན་པ་དང་།  སྐབས་རེ་རེའི་འགྲན་བསྡུར་ནང་ཨང་གཉིས་པ་ཡན་ལོན་གྱི་ཡོད། གཞན་ཡང་བློ་བཟང་བདེ་ལེགས་ཀྱི་རྟ་རྒྱུག་གྲོགས་པོ་བློ་བཟང་ཚེ་རིང་ལ་རྣམ་གྲངས་འདིའི་ཨང་རིམ་གསུམ་པའི་བྱ་དགའ་ཐོབ་ཡོད།   


བློ་བཟང་བདེ་ལེགས་ཀྱི་གཅེས་རྟ།