མཚོ་སྐོར་འགྲན་བསྡུར་གྱི་འགྲན་རིམ་བཞི་པ་ཚ་རྔ་འགག་ཏུ་བསྐྱོད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-07-19   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

         ཟླ7པའི་ཚེས17ཉིན། “ཐེན་ཡུག་ཏི་བུམ་པ་རྟགས་ཅན”གྱི2019ལོའི་སྐབས་བཅོ་བརྒྱད་པའི་མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་གྱི་འགྲན་རིམ་བཞི་པ་སྟེ་ཁྲི་ཀ་ནས་ཚ་རྔ་འགག་བར་གྱི་འགྲན་བསྡུར་བྱས་པ་རེད། ཉིན་དེར་རུ་ཁག22ཀྱི་བདམས་ཐོན་པ147འགྲན་བསྡུར་ནང་ཞུགས་པ་རེད། Hརིམ་པའི་གྱེན་འཛེག་ས་ཚིགས་བརྒྱུད་རྗེས་བདམས་ཐོན་པ་ཚོར་མཚོ་སྐོར་འགྲན་བསྡུར་གྱི་ས་མཐོའི་རང་བཞིན་དང་དཀའ་ཚེགས་རང་བཞིན་ཚོར་དུ་བཅུག