རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-07-19   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན།
ཁྱད་ཆོས་ལྡན་པའི་མཐོ་སྒང་གི་ཆུ་ཀུབ།
སྤྱི་ཟླ7པའི་ཚེས9ཉིན། བོད་སྐྱོར་ལས་སྒྲུབ་རུ་ཁག་གསུམ་པ་གསེར་ཐར་རྫོང་ཤེར་གྲུབ་ཡུལ་ཤོག་ལ་ཕེབས་ཡོད་ཅིང་། ཉིན་དེར་ཆར་པ་འབབ་མཚམས་ཆད་ནས་ཉི་འོད་ལམ་མེར་འཕྲོ་བ་དང་ནམ་མཁའ་གཡའ་དག་ཅིང་ས་གཞིའི་རྡུལ་དག་པས་བོད་སྐྱོར་ལས་སྒྲུབ་རུ་ཁག་གི་ཡིད་དབང་རབ་ཏུ་འཕྲོག་པ་རེད།
གསེར་ཐར་རྫོང་ཤེར་གྲུབ་ཡུལ་ཤོག་ལྗགས་མདའ་སྡེ་བ་ནི་ནས་གྲོའི་མཛེས་ལྗོངས་ཁྲོད་དུ་གནས་ཡོད་ཅིང་། གནས་འདིར་རྨོ་འདེབས་ར་བ་ཆེན་པོ་ཞིག་ཡོད་པར་ཁྱད་ཆོས་ཧ་ཅང་ལྡན། འདི་ནི་གསེར་ཐར་རྫོང་ཅིན་ཧྲི་ཞིང་ལས་དབུལ་སྐྱོར་གསར་གཏོད་ཚད་ཡོད་སྤྱི་གཉེར་ཁང་གི་རྨོ་འདེབས་གནས་གཞི་ཡིན་པ་རེད། འདིར་སྐྱེས་པའི་རྡོ་ཀུབ་བཟོས་ན་དྲི་ཞིམ་ཞིང་སྐོམ་སེལ་ཐུབ་པས་ལས་སྒྲུབ་མི་སྣས་འདིར་ཤོག་དང་གསར་དུ་བཏུས་པའི་རྡོ་ཀུབ་ཟ་ཆོག་ཅེས་སྤྲོ་སེམས་འཁོལ་བའི་ངང་ནས་མགྲོན་པོ་ཚོར་སྣེ་ལེན་བྱས་པ་རེད།
གསེར་ཐར་རྫོང་ཅིན་ཧྲི་ཞིང་ལས་དབུལ་སྐྱོར་གསར་གཏོད་ཚད་ཡོད་སྤྱི་གཉེར་ཁང་ནི2016ལོའི་ཟླ་བ6པའི་ཚེས2ཉིན་བཙུགས་པ་དང་འདིར་མཚོ་འཕགས་སྨི3600ཡོད་ཅིང་། གསེར་ཐར་ལ་རོགས་སྐྱོར་བྱེད་མཁན་གྱི་ཁྲིང་ཏུའུ་ཝུན་ཅང་ས་ཁུལ་གྱིས་གཙོ་སྒྲུབ་བྱས་པ་རེད། ལོ་གཉིས་རིང་འཕེལ་རྒྱས་བཏང་བར་བརྒྱུད། ཐོན་སྐྱེད་བྱེད་སའི་རྟེན་གཞི་དེ་ཐོག་མའི་མུའུ55ནས་ད་ལྟའི་མུའུ305རུ་འཕར་ཡོད་ལ། གནས་འདིར་རྡོ་ཀུབ་མ་ཚད་ད་དུང་ཞོག་ཁོག་སྨུག་པོ་དང་སེར་པོ། ལྡུམ་སྒོང་། ལྷོ་ཀུབ། ལ་ཕུག ཚལ་དཀར། སྲན་ལྗང་སོགས་མཐོ་སྒང་གི་སྐྱེ་ཁམས་སྔོ་ཚལ་འདེབས་འཛུགས་བྱས་ཡོད་ལ། ལྡུམ་སྒོང་ཆུང་ཆུང་དང་འབྲི་སེའུ། ཆུ་ཀུབ། ཧ་སྨི་ཀྭ་སོགས་ཀྱི་ཤིང་ཏོག་ཀྱང་ཡོད་པ་རེད།
ཅིན་ཧྲི་སྐྱེ་ཁམས་ཞིང་ལས་ལས་སྒྲུབ་མི་སྣ་ཡང་ལིན་གྱིས་གསར་འགོད་པར་རྨོ་འདེབས་ཁང་དུ་ཁྲིད་ཞོར་ཆུ་ཀུབ་འདི་དག་ལྗིད་ཆེ་བས་དྲྭ་ཁུག་གིས་མ་བཏུམས་ན་ཐེག་མི་ཐུབ། ཉིན་འགའ་འགོར་རྗེས་ཡུལ་སྐོར་བ་མང་པོ་ཡོང་སྐབས་ང་ཚོས་ཁྱད་ཐོན་མཐོ་སྒང་ཆུ་ཀུབ་ཀྱིས་གསེར་ཐར་སྐུ་མགྲོན་ལ་སྣེ་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
ཤེར་གྲུབ་ཡུལ་ཤོག་གི་གྲོང་མིས་སྔོ་ཚལ་རྟེན་གཞིར་ལས་ཀ་བྱེད་བཞིན་པའི་ཚུལ།
གསར་འགོད་པས་རྒྱུས་ལོན་བྱས་པར་གཞིགས་ན། སྤྱི་གཉེར་ཁང་ནི་ཡུལ་འདིའི་མང་ཚོགས་དབུལ་ཕོངས་དབུལ་ཐར་ཕྱུག་འགྱུར་གྱི་ཕྱོགས་སུ་ཁྲིད་པའི་ཁེ་ལས་ཤིག་ཡིན་ཞིང་། སྤྱི་གཉེར་ཁང་གིས་གསེར་ཐར་རྫོང་རྒྱལ་དབང་རྒྱུ་ནོར་སྤྱི་གཉེར་ཁང་གི་ཐོན་ལས་ཅན་དུ་འགྱུར་བའི་ཞིང་ལས་ཐོན་རྫས་ཐོན་སྐྱེད་ཚོང་གཉེར་སྟེགས་བུ་སྟེ། གསེར་ཐར་རྫོང་ཅིན་ཐའེ་ཞིང་ལས་གསར་གཏོད་འགན་འཁྲི་ཚད་ཡོད་ཁེ་ལས་དང་མཉམ་ལས་བྱས་ནས། སྤྱི་གཉེར་ཁང་དང་ལས་གཞི། སྡེ་བའི་ཚོགས་པ། ཞིང་པའི་ཁྱིམ་པ་སོགས་དང་ཟུང་འབྲེལ་བྱེད་པའི་གོང་འཕེལ་གྱི་རྣམ་པ་བསྐྲུན་ནས་མཉམ་འབྲེལ་སྒོས་ཞིང་ལས་ཐོན་རྫས་གསར་གཏོད་བྱས་ཡོད། སྡེ་བས་ཐོན་ལས་སྣ་ཚོགས་ཀྱི་གོང་འཕེལ་མ་དངུལ་ལ་བརྟེན་ནས་ཅིན་ཐའེ་སྤྱི་གཉེར་ཁང་དུ་མ་འཇོག་བཞག་པ་དང་མ་དངུལ་མངགས་བཅོལ་བྱེད་པའི་རྐང་དབང་ཞིབ་བསྒྱུར་ལས་དོན་བསྒྲུབས་ནས་ཕྱོགས་གཉིས་ལ་ཡོང་སྒོ་བརྒྱ་ཆ50རེ་བླང་རྒྱུ་ཡིན་པ་རེད། ཅིན་ཐའེ་སྤྱི་གཉེར་ཁང་གིས་ཐོབ་པའི་ཁེ་སྤོགས་ནི་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་མ་འཇོག་བསྡུར་གྲངས་ལྟར་བགོ་བཤའ་བརྒྱག་རྒྱུ་ཡིན་ལ། ཡོང་སྒོ་དེ་དག་གསེར་ཁོག་གི་ཡུལ་གྲོང་ལྔ་དང་སྡེ་བ32ཀྱི་ཁྱིམ་ཚང2284ཡི་མི་གྲངས9332ལ་བགོ་བ་དང་། དེའི་ནང་དབུལ་ཕོངས་སྡེ་བ23གྱི་ཁྱིམ་ཚང566གི་མི་གྲངས2735དང་འབྲེལ་བ་ཡོད་པ་རེད།