རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-07-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་7པའི་ཚེས་17ཉིན་གྱི་སྔ་དྲོ། ཀྲུང་གུང་ཡུན་ནན་ཞིང་ཨུའི་དྲ་རྒྱ་ཆ་འཕྲིན་གཞུང་དོན་ཁང་དང་ཤིན་ཧྭ་དྲ་བས་མཉམ་དུ་སྤེལབའི་བརྗིད་ཉམས་ལྡན་པའི་ལོ་70། འབད་འཐབ་ཀྱི་དུས་རབས་གསར་པའི་ཡུན་ནན་ལེའུ་ཐུང་འགྲེམས་སྟོན་ཞེས་པའི་རིམ་སྤེལ་བྱེད་སྒོའི་ཁྲོད། ཀྲུང་གུང་བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ཆི་ཅན་ཤིན་འཁྲབ་གཏོང་ཁང་དུ་བསྐྱོད་ནས། བདེ་ཆེན་གྱིས་ལོ་70རིང་གི་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་འཕོ་འགྱུར། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་སྐོར་མཚམས་སྦྱོར་བྱས་པ་དང་། གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བདེ་ཆེན་གྱིས་བོད་རིགས་ས་ཁུལ་མཛེས་ཤོས་གཏོད་པ་དང་ཆུ་གཙང་རི་སྔོན་ནི་གསེར་རི་དངུལ་རི་ཡིན་ཞེས་པའི་འདུ་ཤེས་སོགས་འབྲེལ་ཡོད་བྱེད་ཐབས་ལ་ལན་བརྒྱབ་པ་རེད།
བཅའ་འདྲིའི་ཡུལ་དངོས།
བདེ་ཆེན་ནི་མཚོ་བོད་མཐོ་སྒང་གི་ལྷོ་རྒྱུད་དང་། ཡུན་ནན། སི་ཁྲོན། བོད་ལྗོངས་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་གྱི་འབྲེལ་མཚམས་སུ་གནས་པ་དང་།འཛམ་གླིང་གི་རང་བྱུང་ཤུལ་བཞག་གཙང་གསུམ་མཉམ་བཞུར་ཞེས་པའི་ལྟེ་གནས་སུ་གནས་པ། དེ་ནི་རྒྱལ་ཡོངས་ཀྱི་བོད་རིགས་ས་ཁུལ་ཆེ་གྲས་ལྔ་དང་བོད་རིགས་རང་སྐྱོང་ཁུལ་10ཡི་གྲས་ཤིག་ཡིན་པ་དང་།འཛམ་གླིང་གི་སེམས་ཀྱི་ཉི་ཟླ་ཡིན། དེ་གར་མི་རིགས་མང་པོ་འཆམ་མཐུན་མཉམ་གནས་དང་ཆོས་ལུགས་མང་པོ་མཉམ་དུ་དར་རྒྱས་བྱུང་ཡོད། ལོ་70ཡི་རིང་བདེ་ཆེན་ཁུལ་གྱིས་རྒྱལ་ཡོངས་ཀྱི་བོད་རིགས་ས་ཁུལ་མཛེས་ཤོས་འཛུགས་སྐྲུན་བྱེད་པའི་དམིགས་ཚད་ལ་དམ་པོར་དམིགས་པ་དང་སྣོད་བཅུད་ལ་བརྟེན་ནས་ཁུལ་འཛུགས་པ་དང་། རིག་གནས་ལ་བརྟེན་ནས་ཁུལ་དར་རྒྱས་གཏོང་བ། ཐོན་ལས་ལ་བརྟེན་ནས་ཁུལ་སྟོབས་ཆེར་གཏོང་བ། འཆམ་མཐུན་ལ་བརྟེན་ནས་ཁུལ་བདེ་འཇགས་སུ་གཏོང་བ་ཞེས་པ་བཅས་འཕེལ་རྒྱས་འཐབ་ཇུས་ཆེན་པོ་བཞི་ཕྱོགས་ཡོངས་ནས་ལག་བསྟར་བྱས་པས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་སྤྱི་ཚོགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་སུ་མཆོང་སྐྱོད་མྱུར་པོ་མངོན་གྱུར་བྱུང་ཡོད།
ཆི་ཅན་ཤིན་གྱིས་བདེ་ཆེན་གྱི་འཕེལ་རྒྱས་དེ་གཙོ་བོ་ནི་དཔལ་འབྱོར་འཕེལ་རྒྱས་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། སྣོད་བཅུད་ཁོར་ཡུག་འཛུགས་སྐྲུན། བོད་རིགས་ས་ཁུལ་གྱི་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་སོགས་ཀྱི་ཐད་ནས་མངོན་ཡོད། ཁུལ་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་1950ལོའི་སྒོར་ཁྲི་1333ནས་2018ལོའི་སྒོར་དུང་ཕྱུར་217.52སུ་འཕར་ནས་ལྡབ་1632འཕར་བ་དེ་དུས་མཚུངས་ལས་འཕར་ཚད་རྒྱལ་ཡོངས་ཀྱི་བོད་རིགས་རང་སྐྱོང་ཁུལ་10ཡི་ཨང་དང་པོར་སླེབས་ཡོད་པ་རེད། མི་རེའི་ཆ་སྙོམས་GDPནི་1950ལོའི་མི་རེར་སྒོར་89ནས་2018ལོའི་མི་རེར་སྒོར་53054རུ་ཕྱིན་ཡོད། བདེ་ཆེན་ཁུལ་གྱིས་ཁྱད་ལྡན་ལེགས་ཆའི་ཐོན་ཁུངས་ལ་བརྟེན་ནས་མདུན་སྐྱོད་བྱེད་རིང་ལ་ཡུལ་སྐོར་རིག་གནས་དང་།མཐོ་སྒང་གི་ཁྱད་ལྡན་ཞིང་ལས། ནུས་རྒྱུ་གཙང་མ། དེང་རབས་ཞབས་ཞུའི་ལས་རིགས་བཅས་ཐོན་ལས་གཙོ་བོ་བཞི་ལ་རོགས་སྐྱོར་དང་གསོ་སྐྱོང་བྱས་པ། 2018ལོ་ཁོ་ནར་ཁུལ་ཡོངས་ཀྱི་ཡུལ་སྐོར་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་275ཟིན་པ་དང་། ལོ་70ཡི་འབད་འབུངས་མདུན་སྐྱོད་ཀྱིས་བདེ་ཆེན་མི་དམངས་ཀྱིས་མི་དང་རྟས་ཁལ་ཁུར་གྱི་ལོ་རྒྱུས་མཇུག་འགྲིལ་བ་དང་། དེང་རབས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་སྤྱིར་ན་གྲུབ་པ། ཁུལ་ཡོངས་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་6885.48(རྫོང་དུ་རིམ་པ་གཉིས་པའི་གཞུང་ལམ་ཤར་གཏོང་ཐུབ་པ་དང་། ཤང་གྲོང་དུ་སྣུམ་ནག་གཞུང་ལམ་ཤར་གཏོང་ཐུབ་པ་དང་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པ། གྲོང་མིའི་ཚོ་ཆུང་གི་ཤར་གཏོང་ཐུབ་ཚད་དང་མཁྲེགས་འགྱུར་བྱེད་ཚད་62%ཟིན་པ།)བདེ་ཆེན་གནམ་གྲུ་ཐང་བསྐྲུན་ཟིན་པ། ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་དང་མྱུར་བགྲོད་གཞུང་ལམ་སང་ལོར་ཤར་གཏོང་ཐུབ་རྒྱུ་དང་། སེམས་ཀྱི་ཉི་ཟླ་ནས་སི་ཁྲོན་ཤིས་ཁྲང་བར་གྱི་མྱུར་བགྲོད་གཞུང་ལམ་དང་།སེམས་ཀྱི་ཉི་ཟླ་ནས་ཆབ་མདོ་བར་གྱི་ཏན་བོད་ལྕགས་ལམ་དང་ཏན་བོད་མྱུར་བགྲོད་གཞུང་ལམ་སོགས་རྣམ་གྲངས་གལ་ཆེན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།
སེམས་ཀྱི་ཉི་ཟླའི་གནམ་གྲུ་ཐང་།
བདེ་ཆེན་འདི་ཉིད་རྒྱལ་ཡོངས་ཀྱི་བོད་རིགས་ས་ཁུལ་མཛེས་ཤོས་སུ་འཛུགས་སྐྲུན་བྱེད་པའི་དམིགས་ཚད་ཇི་ལྟར་མངོན་འགྱུར་བྱེད་དགོས་སམ། མཚམས་སྦྱོར་བྱས་པར་གཞིགས་ན། བདེ་ཆེན་ཁུལ་གྱིས་གྲོང་ཁྱེར་མཛེས་ཤོས་དང་། གྲོང་རྡལ་མཛེས་ཤོས། གྲོང་ཚོ་མཛེས་ཤོས། ཁྱིམ་ཚང་མཛེས་ཤོས་བཅས་ཞེས་པའི་མཛེས་སྡུག་བཞིའི་གཏོད་པའི་བྱེད་སྒོར་སྐུལ་འདེད་གཏིང་ཟབ་བཏང་ནས་གནམ་སྔོན་བྱ་སྤྱོད་དང་། རི་སྔོན་བྱ་སྤྱོད། ཆུ་གཙང་བྱ་སྤྱོད། ས་གཙང་བྱ་སྤྱོད་བཅས་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་རེད འབྲི་ཆུ་དང་། རྫ་ཆུའི་མ་ལག་སྲུང་སྐྱོང་ཉམས་གསོ་དང་། ཆུ་ཁུངས་སྲུང་སྐྱོང་། ཞིང་ལས་དང་གྲོང་གསེབ་ཀྱི་སྦགས་བཙོག་བཅོས་སྐྱོང་། སྣོད་བཅུད་ཉམས་གསོ། སྲ་གཟུགས་ཟོག་རོའི་སྦགས་བཙོག་བཅོས་སྐྱོང་། ཟོག་འདྲེན་རླངས་འཁོར་གྱི་སྦགས་བཙོག་བཅོས་སྐྱོང་། གཙང་གསུམ་མཉམ་བཞུར་ཞེས་པའི་འཛམ་གླིང་གི་རང་བྱུང་ཤུལ་བཞག་ཁུལ་སྲུང་སྐྱོང་བཅས་འགག་སྒྲོལ་དམག་འཐབ་ཆེན་པོ་7ཡག་པོ་བརྒྱབ་པས་ཁུལ་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ཡོད། སེམས་ཀྱི་ཉི་ཟླའི་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་ཚད་100%ཟིན་པ་དང་། ཁུལ་ཡོངས་ཀྱི་རྒྱལ་ཁབ་ས་ཆ་སྔོ་ལྗང་ཅན་དུ་འགྱུར་ཚད་80.93%ཟིན་པ། ནགས་ཚལ་ཁྱབ་ཚད་75.11%ཟིན་ཡོད་པ་རེད།
མཛེས་ཤིང་སྡུག་པའི་སེམས་ཀྱི་ཉི་ཟླ་གྲོང་ཁུལ་གྱི་ཤམ་བྷ་ལ་སྤྱི་གླིང་གི་ཟུར་ཞིག
སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཐད།བདེ་ཆེན་གྱིས་ཆུ་གཙང་རི་སྔོན་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་བསྟར་དོན་འཁྱོལ་བྱས་ནས་དུད་ཚང་ལ་དྲོ་སྐྱིད་སྦྱིན་པ་ལག་ལེན་ཤུགས་ཆེན་བསྟར་ནས་ཡུན་ནན་བོད་རིགས་ས་ཁུལ་གྱི་མང་ཚོགས་ཀྱི་སོལ་བའི་དྲོད་ལེན་གྱིས་སྣོད་བཅུད་ཁོར་ཡུག་ལ་བཟོས་པའི་གནོན་ཤུགས་ཆུང་དུ་ནུས་ལྡན་བཏང་བ་དང་།ཆུ་དཔོན་ལམ་ལུགས་ཞེས་པ་ལག་ལེན་བསྟར་ནས་རྒྱལ་སྤྱིའི་འདམ་ར་གལ་ཆེན་ནགས་ཕག་མཚོ་འདམ་རའི་མཚོ་སྐོར་སྦགས་བཙོག་འགོག་པ་དང་སྣོད་བཅུད་སླར་གསོའི་ལས་གྲྭ་དང་།སེམས་ཀྱི་ཉི་ཟླའི་སྲམ་སྣ་ཆུ་མཛོད་ཀྱི་འབབ་རྒྱུད་ཕྱོགས་བསྡུས་བཅོས་སྐྱོང་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་སོགས་ཆུ་བོ་དང་མཚེའུ་གཙོ་བོའི་སྦགས་བཙོག་འགོག་བཅོས་ལས་གྲྭ་སོགས་ཚུད་ཡོད།ནུས་ཤུགས་ཡོད་རྒུས་རི་མཐོའི་ནགས་ཚལ་དང་གདོད་མའི་འབྲོག་ར་སྲུང་སྐྱོང་བྱེད་པ།ནགས་བཟོ་སྔོ་འགྱུར་གྱི་འཛུགས་སྐྲུན་མུ་མཐུད་བྱས་པ་དང་2016ལོ་ནས་བཟུང་དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་དང་ས་ཁོངས་ཧྲིལ་པོར་སྔོ་འགྱུར་གྱི་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་ནས་ལོ་ལྟར་འོས་འགན་ཤིང་འཛུགས་ཀྱི་སྡོང་རྐང་ཁྲི་235ཡན་ལེགས་སྒྲུབ་བྱས་ཡོད།མིག་སྔའི་བར་ཁུལ་ཡོངས་ཀྱི་ནགས་ཚལ་ཁྱབ་ཚད་75%ལ་སླེབས་ཡོད་པ་རེད།
གཞན་ཡང་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་མགྱོགས་སུ་གཏོང་ཆེད།བདེ་ཆེན་ཁུལ་གྱིས་ས་གནས་དེ་གའི་གནས་ཚུལ་དངོས་ལ་གཞིགས་ནས་ཐོན་ལས་དབུལ་སྒྲོལ་དང་སློབ་གསོ་དབུལ་སྒྲོལ་ཐད་དམིགས་སའི་རང་བཞིན་གྱི་ལས་དོན་བསྒྲུབས་པ་དང་འབྲེལ་ཕན་འབྲས་ཀྱང་ཐོན་ཡོད་པ་རེད།
དབུལ་ཕོངས་སློབ་མ་ལ་རོགས་དངུལ་སྟེར་བའི་རྣམ་པ།
བདེ་ཆེན་གྱིས་སློབ་གསོའི་དབུལ་སྐྱོར་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་ལོ་ལོན་པའི་བྱིས་པ་དང་ལོ་ཆུང་ལ་དབུལ་པོ་དང་སློབ་ཤོར་མེད་པའི་འགན་ལེན་བྱས་ཡོད།ཆི་ཅན་ཤིན་གྱིས་དབུལ་སྒྲོལ་འགག་སྒྲོལ་ལག་བསྟར་བྱས་པ་ནས་བཟུང་བདེ་ཆེན་ཁུལ་གྱིས་སློབ་གཉེར་ཆ་རྐྱེན་ལེགས་སུ་བཏང་བ་དང་སློབ་མ་དབུལ་པོར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་འོས་འགན་སློབ་གསོའི་ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དབུལ་པོའི་སློབ་ལོ་ལོན་པའི་སློབ་མ་གཅིག་ཀྱང་མེད་པ་དང་།ལོ་14ཡི་རིན་མེད་སློབ་གསོ་སྔོན་ལ་ལག་བསྟར་བྱས་ནས་རྫོང་ཁོངས་ཀྱི་འོས་འགན་སློབ་གསོ་གཞི་རྩའི་ཆ་ནས་དོ་སྙོམས་ཡོང་བ་བྱེད་པ་དང་།སློབ་གསོ་བོད་སྐྱོད་ཁུལ་གྱི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་ལག་བསྟར་བྱེད་པ།སློབ་གསོའི་གནད་སྨིན་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བ་བཅས་བྱེད་པ་དང་། ཞིང་ཆེན་ནང་གི་བདེ་ཆེན་མཐོ་རིམ་སློབ་འབྲིང་འཛིན་གྲྭ་གཉེར་ནས་མཐོ་རིམ་སློབ་འབྲིང་གི་སློབ་གསོའི་ནང་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།འབྲིང་རིམ་ལས་རིགས་སློབ་གསོ་ཁྱོན་ཡོངས་ལ་ཁྱབ་པ་བྱས་ནས་ལས་རིགས་སློབ་གསོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་རྒྱག་པ།ཉམས་ཞན་ཕྱོགས་ཡོངས་ནས་ལེགས་སུ་གཏོང་བའི་ལས་གྲྭ་འཛུགས་སྐྲུན་བྱས་ནས་ས་ཁུལ་དབུལ་པོའི་སློབ་གཉེར་ཆ་རྐྱེན་ལེགས་སུ་ཤུགས་ཆེན་གཏོང་བ།ཤར་ནུབ་རྒྱུད་ཀྱི་རོགས་ལས་ལ་ཤུགས་སྣོན་བརྒྱབ་ནས་སློབ་གསོ་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་གཏོང་བ་རེད།