རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་19པའི་སྟེང་ཞུས་བཤེར་གཏན་འབེབས་བྱས་པའི་བརྡ་ཆད་གསར་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-07-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་19པ་ནི་2019ལོའི་ཟླ་7པའི་ཚེ་18ཉིན་ནས་ཚེས་22ཉིན་གྱི་བར་རེབ་གོང་དུ་བསྡུས་པ་དང་།  བོད་ལྗོངས་དང་མཚོ་སྔོན།  སི་ཁྲོན། ཡུན་ནན། ཀན་སུའུ་སོགས་ནས་ཡོང་བའི་ལས་ཁུངས་40ལྷག་དང་སྨྱན་སྦྱོར་ལས་རིགས་པ་70ལྷག་ཞུགས་ཡོད་ཅིང་། ཚོགས་འདུའི་ཐོག་བརྡ་ཆད་གསར་པ་384འབྱོར་བ་དང་བརྡ་ཆད་ཞུས་བཤེར་གཏན་འབེབས་ཚན་ཆུང་གིས་ཞུས་བཤེར་བྱས་རྗེས། མཐར་བརྡ་ཆད་81ཞུས་བཤེར་གཏན་འབེབས་བྱས་པ་རེད།