རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-07-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་ཆར།ཁུལ་ཨུའི་རྒྱུན་ལས་(རྒྱ་བསྐྱེད་)གྲོས་ཚོགས་ཐེངས་80་བ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཀུའུ་ཁུན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག་ད་ལོ་ནས་བཟུང་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། ཉེན་ཁ་གལ་ཆེན་འགོག་ཟོན་དང་སེལ་བ་དང་། གནད་སྨིན་དབུལ་སྒྲོལ། སྦགས་བཙོག་འགོག་བཅོས་བཅས་ཀྱི་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་དམ་འཛིན་ཏན་ཏིག་བྱེད་པ་བཅས་བྱས་པས་ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་སྤྱི་ཡོངས་ནས་བརྟན་པོའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད། འོན་ཀྱང་དཔལ་འབྱོར་རྒྱུན་མཐུད་དང་བརྟན་པོའི་ངང་འཕར་བའི་གནོན་ཤུགས་སྔར་བཞིན་ཅུང་ཆེ་བ་དང་། དཀའ་ངལ་དང་འགྲན་སློང་མང་པོ་གནས་ཡོད། ལོ་སྨད་ཀྱི་ཁུལ་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཐད་ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་སྔར་བས་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ་དང་། མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་དང་ཐབས་ཇུས་བཀོད་སྒྲིག་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་བདེ་ཆེན་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཟུང་འབྲེལ་བྱ་ཡུལ་གནད་ལ་འཁེལ་བ་ཞིག་བཙལ་ཏེ་འཕེལ་རྒྱས་ཀྱི་ཁ་ཕྱོགས་སྟངས་འཛིན་བྱེད་པ་དང་། བརྟན་པོའི་ངང་འཕར་བ་དང་། སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ། ཉེན་ཁ་འགོག་པ་བཅས་ཀྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་མུ་མཐུད་ཡག་པོ་རྒྱག་པ། རྣམ་གྲངས་མ་འཇོག་དང་ཐོན་ལས་འཕེལ་རྒྱས་ཀྱི་གཙོ་གནད་གཉིས་དམ་འཛིན་ནན་པོ་བྱེད་པ་བཅས་བྱས་ཏེ་མང་ཚོགས་ཀྱི་འབབ་འཕར་ལས་དོན་ཡག་པོ་བསྒྲུབས་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་དཔལ་འབྱོར་རྒྱུན་མཐུད་ཡོང་རྒྱུར་ སྐུལ་འདེད་གཏོང་བ་རེད།
ཚོགས་འདུའི་ཐོག《བདེ་ཆེན་ཁུལ་གྱི་ཆོས་ལུགས་ཁྱབ་ཁོངས་ཀྱི་དོ་དམ་ཞབས་ཞུའི་ལམ་སྲོལ》དང་། 《དུས་བབ་གསར་པའི་འོག་ཡེ་ཤུའི་ཆོས་ལུགས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བདེ་ཆེན་ཁུལ་ཨུ་ཡི་ལག་བསྟར་བསམ་འཆར》《ཀྲུང་དབྱང་ནག་ཚོགས་གཙང་སེལ་སྐོར་གྱི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་20པས་ཡུན་ནན་ཞིང་ཆེན་གྱི་ཚུར་ལན་གནད་དོན་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་པའི་དག་ཐེར་ཇུས་གཞི》 《དུས་བབ་གསར་པའི་འོག་དྲིལ་བསྒྲགས་བསམ་བློའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་བདེ་ཆེན་ཁུལ་ཨུའི་ལག་བསྟར་བསམ་འཆར》 《ཁུལ་ཨུའི་སྐབས་བརྒྱད་པའི་ཚང་འཛོམས་ཚོགས་འདུ་ཐེངས་བརྒྱད་པའི་འབྲེལ་ཡོད་བྱ་གཞག》བཅས་ལ་ཞིབ་བཤེར་གཏན་འབེབས་བྱས་ནས་གྲོས་འཆམ་བྱུང་བ་རེད། 《བདེ་ཆེན་ཁུལ་ཨུའི་རྒྱལ་ཁབ་བདེ་འཇགས་ཨུ་ལྷན་གྱི་སྒྲིག་གཞི་བཀོད་སྒྲིག་དང་མི་སྣ་གྲུབ་ཆའི་ཇུས་གཞི་ལེགས་བཅོས་གཏོང་བ་》དང་། 《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བུད་མེད་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོག་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》《ཁུལ་ཨུའི་སྐབས་བརྒྱད་པའི་དབུལ་སྒྲོལ་འགག་སྒྲོལ་ཀྱི་ཆེད་དོན་སྐོར་བསྐྱོད་ཐེངས་བརྒྱད་པའི་གནས་ཚུལ་སྙན་ཞུ》ལ་གྲོས་ཞིབ་བྱས་པ་རེད།