རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-07-26   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།
མཆོད་པའི་མཛད་སྒོ།
ཁ་འབིགས་འཛེར་བཞིན་པའི་ཚུལ།
ཁ་འབིགས་འཛེར་བའི་ཕོ་གསར།
དུས་ཆེན་ཡུལ་དངོས།
དུས་ཆེན་ཡུལ་དངོས།
ཉེ་སྔོན་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་རེབ་གོང་ས་ཁུལ་གྱིས་རྒྱལ་ཁབ་རིམ་པའི“ཤུལ་བཞག་རིག་གནས”ལས་གཞི་སྟེ་རེབ་གོང་གི“དྲུག་པའི་ཀླུ་རོལ”གྱི་བྱ་འགུལ་སྤེལ་བ་རེད།
རྒྱུས་ལོན་བྱས་པ་ལྟར་ན། “དྲུག་པའི་ཀླུ་རོལ”ནི་ལོ་རེའི་ལུགས་རྙིང་གི་ཟླ་དྲུག་པར་རེབ་གོང་གི་བོད་རིགས་དང་ཧོར་རིགས་ཀྱི་གྲོང་ཚོ་མང་པོས་གཉེར་བའི་དམངས་ཁྲོད་ཀྱི་ལྷ་མཆོད་མཛད་སྒོ་ཞིག་ཡིན་པ་དང་། མཆོད་པ་འབུལ་བ་དང་དམངས་ཁྲོད་ཀྱི་གླུ་གར་སོགས་ཚུད་ཡོད། དེའི་ནང་ཁ་འབིགས་དང(ལྷ་བས་གཞོན་ནུ་རྣམས་ཀྱི་འགྲམ་པ་དང་སྒལ་པར་འབིགས་འཛེར་བ)རྒྱབ་འབིགས་འཛེར་བ་ནི་ཤིན་ཏུ་ལྐོག་གྱུར་ཞིག་ཡིན་པས་ལྟད་མོ་བའི་ཡིད་དབང་བཀུག་ཡོད། །