རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-07-31   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ད་ལོ་ནས་བཟུང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱིས་ཁྲིམས་འཛིན་སྲིད་འཛིན་འགན་ནུས་གང་ལེགས་འདོན་པ་དང་ བྱེད་ཐབས་སྣ་མང་བརྒྱུད་ནས་ཧུར་ཐག་ངང་ནག་ཚོགས་གཙང་སེལ་ཆེད་དམིགས་འཐབ་རྩོད་ལས་ཀ་ཡག་པོ་སྒྲུབ་པ། ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་བདེ་འཇགས་བརྟན་བརླིང་འགན་ལེན་བྱེད་པ་རེད།
ཏང་འཛུགས་སྐྱོང་ལ་བརྟེན་ནས་བཀོད་སྒྲིག་བྱེད་ཤུགས་ཆེར་གཏོང་བ།ནག་ཚོགས་གཙང་སེལ་གྱི་རིག་གཞུང་དང་ཤེས་བྱ་སློབ་སྦྱོང་དམ་འཛིན་བྱེད་པ་དང་། ལས་ཀ་ཁག་གི་ཇུས་གཞི་གཏན་འབེབས་དང་གཤམ་གཏོང་བྱས་པ། ནག་ཚོགས་གཙང་སེལ་ཆེད་དམིགས་འཐབ་རྩོད་ལས་ཀའི་སྐུལ་འདེད་ཚོགས་འདུ་འཚོགས་པ། མིག་སྔའི་བར་དུ། རིག་གཞུང་སློབ་སྦྱོང་ཐེངས་8རྩ་འཛུགས་བྱས་པ་དང་། ཏང་ཡོན་ལས་བྱེད་པའི་ནག་ཚོགས་གཙང་སེལ་ཆེད་དམིགས་འཐབ་རྩོད་ཀྱི་གདོང་ལེན་འདོད་དོན་ཞལ་བཞེས་ཡི་གེ་50ལྷག་འཇོག་པ། ཆེད་དམིགས་ཚོགས་འདུ་ཐེངས་6འཚོགས་པ། ནག་ཚོགས་གཙང་སེལ་གྱི་ཆེད་དོན་གསོ་སྦྱོང་ཐེངས་3བསྡུས་པ།ནག་ཚོགས་གཙང་སེལ་ཆེད་དམིགས་འཐབ་རྩོད་སྐོར་གྱི་ཤེས་བྱའི་རྒྱུགས་ལེན་ཐེངས་1རྩ་འཛུགས་བྱས་ཡོད་པ་རེད།
ཁུངས་སྣེ་འཚོལ་ཞིབ་བྱེད་ཤུགས་ཆེར་གཏོང་བ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱི་སྔར་ལས་ལྷག་པར་གྱོད་དོན་གྱི་ཁུངས་སྣེ་ཐག་གཅོད་ལས་ཀ་དང་འབྲེལ་ཡོད་གནད་དོན་སྐོར་གྱི་བརྡ་ཐོ་ཞེས་པ་གཤམ་དུ་གཏོང་བ་དང་ མི་སྣ་གཉིས་གཏོར་སའི་ཁ་ཤོ་རུ་བྱས་ནས་ཉེས་མཚང་ཐེར་འདོན་སྣེ་ཁྲིད་བྱས་པ། ནག་ཚོགས་གཙང་སེལ་སློང་སླ་བའི་གཙོ་གནད་ས་ཁུལ་དང་གཙོ་གནད་ལས་རིགས། གཙོ་གནད་ཁྱབ་ཁོངས་ལ་དོ་ཁུར་དམ་ཟབ་བྱས་པ། མིག་སྔར། གྱོད་དོན་6ལ་ནག་ཚོགས་དང་འབྲེལ་བའི་ཁུངས་སྣེ་དབྱེ་ཞིབ་བྱས་པ། ཁུངས་སྣེ་5ཡར་ཞུ་བ། མི་ཐེངས་17ལ་ནག་ཚོགས་དང་འབྲེལ་བའི་ཁུངས་སྣེ་འཚོལ་ཞིབ་བྱས་པ་རེད།
ཕྱོགས་བསྡོམས་བཅོས་སྒྲིག་བྱེད་ཤུགས་ཆེར་གཏོང་བ། ནན་པོའི་ངང་སྡེ་ཁུལ་གྱི་ཡོ་བསྲང་མི་སྣ་ལ་ལྟ་སྐུལ་དོ་དམ་ཚད་ལྡན་དུ་གཏོང་བ། གཅིག་བསྡུས་ཀྱིས་སྡེ་ཁུལ་ཡོ་བསྲང་མི་སྣ་ལ་ནག་ཚོགས་གཙང་སེལ་གྱི་ཆེད་དོན་སློབ་གསོ་བྱས་པ། ནན་ཏན་ངང་གྲོང་ཁྱེར་ཐད་གཏོགས་ཁྲིམས་ཁང་གི་ཁྲིམས་རྩོད་པས་བསམ་འཆར་བཞི་སློབ་སྦྱོང་གཏིང་ཟབ་བྱེད་པར་རྩ་འཛུགས་བྱས་པ།
དྲིལ་བསྒྲགས་དང་སྐུལ་སློང་བྱེད་ཤུགས་ཆེར་གཏོང་བ། ནག་ཚོགས་གཙང་སེལ་གྱི་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་ཐེངས་310ལྷག་སྤེལ་བ་དང་། དྲིལ་བསྒྲགས་སྦྱར་ཡིག་450འགེལ་བ། ནག་ཚོགས་གཙང་སེལ་གྱི་དྲིལ་བསྒྲགས་ཡིག་ཆ་81800ལྷག་གཏོང་བ། ནག་ཚོགས་གཙང་སེལ་ཤེས་བྱ་སྐོར་གྱི་ཆ་འཕྲིན་329གཏོང་བ།
ལྟ་སྐུལ་སློབ་སྟོན་བྱེད་ཤུགས་ཆེར་གཏོང་བ། ཁྲིམས་འཛིན་སུའོ་ཁག་གི་ནག་ཚོགས་གཙང་སེལ་ཆེད་དམིགས་འཐབ་རྩོད་སྤེལ་བའི་གནས་ཚུལ་ལ་ཕྱོགས་ཡོངས་ནས་ལྟ་སྐུལ་བྱས་པ་དང་། ལྟ་སྐུལ་གྱི་གནས་ཚུལ་བརྡ་ཁྱབ་བྱས་པ། མིག་སྔའི་བར་དུ་ལྟ་སྐུལ་སློབ་སྟོན་ཐེངས་2བྱས་ཡོད་པ་རེད།